| | e-texts navigator
|
95a1 སྦྱར་ཏེ། བྱང་ཆུབ་སེམས་དཔའ་བློ་ལྡན་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་སེམས་ཅན་ཤེས་རབ་རྟུལ་བ། བློ་དང་མི་ལྡན་པ། ཡིད་མི་གཞུངས་པ་རྣམས་ཀྱི་སླད་དུ་ཤེས་རབ་སྐྱེད
95a2 པ་ཞེས་བྱ་བའི་གཟུངས་བཤད་དུ་གསོལ། བཤད་པ། ཧཱུཾ་པི་ཙུ་པི་ཙུ་པྲ་ཛྙཱ་བརྡྷ་ནི། ཛྭ་ལ་ཛྭ་ལ་མེ་དྷ་བ་དྷ་ནི། དྷི་རི་དྷི་རི། བུདྡྷི་བརྡྷ་ནི་སྭཱཧཱ། གང་ཞིག་གཟུངས་འདི་ཀློག་པ་དང་། འདྲི་བ་དང་། འདྲིར་འཇུག་པ
95a3 དང་། ཀུན་ཆུབ་པར་བྱེད་པ་དང་། ཆུང་ངུའང་ཡི་གེ་འབྲུ་གཅིག་ཙམ་ཐོས་ནའང་ཚེ་འདི་ཉིད་ལ་ཤེས་རབ་ཆེན་པོར་འགྱུར་རོ།། གང་གིས་ཟླ་བ་དྲུག་གི་བར་དུ་ཉིན་རེ་ཞིང་རྩ་བས་ཁྱོར་གང་ལ་རིག་པ་འདི་ལན་བདུན་བཏབ་སྟེ།
95a4 ཉི་མ་ཤར་བའི་ཚེ་འཐུངས་ན་ཚིགས་སུ་བཅད་པ་སྟོང་འཛིན་པར་འགྱུར་རོ།། ལན་ཅིག་འཐུངས་ན་ལྔ་བརྒྱ་འཛིན་ཏེ། ཉིན་གཅིག་བཞིན་དུ་ཤེས་རབ་འཕེལ་བར་འགྱུར་རོ།། ཉིན་རེ་བཞིན་དུ་བརྗོད་པ་ཙམ་གྱིས་དྲན་པ་དང
95a5 ཡིད་གཞུངས་པར་འགྱུར་རོ། ། ཤེས་རབ་སྐྱེད་པའི་གཟུངས་རྫོགས་སོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང
95a6 དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། ། ཏདྱཐཱ། མ་ཏི་བཅུ་ལྕེ། ཏ་ཐཱ་ག་ཏཱ་ཛྙཱ་ན། དར་ཤེ་ནྡེ་པྲ་དྲཱ་པ་ཏཱ། ཀཽརྟྟི་རེ། བོ་དྷི་མདྷཱ་ནུ་ས་རི་ཎི། ཨ་བིདྡྷ། ཏ་མོནདྷ། ཀ་རིབ་དྷ་མ་ནི
95a7 ཛྭ་ལ་ཛྭ་ལ། པྲཛྙཱ་དཱི་པེ། མེ་དྷ་པ་དི་ན་སརྦ་ཨ་དྷིཥྛི་ཏེ། སུ་རུ་སུ་རུ། དྷུ་རུ་དྷུ་རུ། མེ་དྷ་ཨཱ་ན་ཡ་སྭཱ་ཧཱ། ཆོ་ག་ནི་ནང་རེ་ཞིང་བཟླས་བརྗོད་བྱས་ན་ལབས་སྐྱེན་པར་འགྱུར་རོ།། སྨན་བྲམ་ཧི་སྙིམ་པར་བཅུག་སྟེ།
iiif viewer powered by OpenSeadragon
94b - 95b