e-texts navigator
Collection
Volume
Page
Wylie

196b1 ཚུལ་ཁྲིམས་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། ། མི་ཡི་སེང་གེས་ཚུལ་ཁྲིམས་སྟོབས་རྟོགས་ཏེ།། སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན།། ཚུལ་ཁྲིམས་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར།། བཟོད
196b2 པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། ། མི་ཡི་སེང་གེས་བཟོད་པའི་སྟོབས་རྟོགས་ཏེ།། སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན།། བཟོད་པའི་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར།། བརྩོན་འགྲུས
196b3 སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། ། མི་ཡི་སེང་གེས་བརྩོན་འགྲུས་སྟོབས་རྟོགས་ཏེ།། སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན།། བརྩོན་འགྲུས་སྟོབས་ཀྱི་སྒྲ་རི་གྲགས་པར་འགྱུར།། བསམ་གཏན
196b4 སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། ། མི་ཡི་སང་གིས་བསམ་གཏན་སྟོབས་རྟོགས་ཏེ།། སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན།། བསམ་གཏན་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར།། ཤེས་རབ་སྟོབས་ཀྱིས
196b5 སངས་རྒྱས་ཡང་དག་འཕགས། ། མི་ཡི་སེང་གེས་ཤེས་རབ་སྟོབས་རྟོགས་ཏེ།། སཱ་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན།། ཤེས་རབ་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར།། ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུར
196b6 ཛྙཱ་ན་སུ་བི་ནིཤྩི་ཏ་ཏྭེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་ས་མྱཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་དྷྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ། ཨོཾ་སརྦྦ་ས་སྐཱ་ར་པ་རི་ཤུདྡྷ་དྷརྨྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་བ་བི
196b7 ཤུདྡྷེ་མ་ཧཱན་ཡ་བ་རི་བཱ་རེ་སྭཱ་ཧཱ། བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི




iiif viewer powered by OpenSeadragon

196a - 197a

Texts on this page

S631 - 'phags pa tshe dang ye shes dpag tu med pa zhes bya ba theg pa chen po'i mdo