e-texts navigator
Collection
Volume
Page
Wylie

189a1 @སྲིན་མོ་ཀླུ་མོ་ཤ་མ་མོ།། བདུད་མོ་འབྱུང་མོ་གྲུལ་བུམ་མོ།། དྲུག་མོ་རྫམ་ཆུལ་གློག་འགྱུར་མ།། རླུང་མོ་ནག་མོ་འཇིགས་བྱེད་མ།། མཁའ་འགྲོག་ཏུམ་མོ་ཞིང་སྒྲོལ་མ།། ནི་རྒྱས་དབང་དང
189a2 དྲག་པོས་འདུལ། ། དཀར་སེར་ལྗང་ནག་དམར་ཡང་སྟོན།། རྣམ་པར་བརྒྱད་ཀྱི་དབྱིབས་ཀྱང་འབྱུང་།། འགྲོ་བ་དྲག་པོའི་ཚུལ་ཡང་སྟོན།། ཕུང་པོ་ལྔ་ཡང་བརྗོད་པར་ནུས།། དབང་པོ་ཚིམ་བྱེད་ཡུལ་ལྔའང་སྟོན།
189a3 རྟེན་ཅིང་འབྲེལ་པའི་སྤྱོད་པ་མཁས།། ཡུལ་ཅན་རྣམས་ནི་གསོད་མ་ལགས།། དེ་བཞིན་དགྲ་རྣམས་གསོར་བ་དང་།། ལུས་ཅན་རྣམས་ནི་གསོད་ལ་བརྩོན།། སེམས་ནི་གསོད་པ་མེད་ལ་མཁས།། འཁོར་བ་ལས།
189a4 ནི་རིང་དུ་སོང་།། དེ་བཞིན་གཤེགས་པས་ལུང་བསྟན་ཏེ།། བྱང་ཆུབ་སེམས་དཔའི་མཚན་རྣམས་དང་།། འཇིག་རྟེན་སྐྱོང་མཛད་དཔལ་ལྡན་མ།། དམ་ཆོས་འཛིན་པ་རྣམས་ལ་བྱམས།། ཨོཾ་ཨཱཿཧཱུཾ་ཤྲཱི་དེ་བི་ཀཱ་ལི
189a5 ས་མ་ཡ་ཛ། ཌཱ་ཀི་ནི་རཱ་ཡ་མ་སྭཱ་ཧཱ། མིང་བརྒྱ་རྩ་བརྒྱད་གང་འཛིན་པ།། ཡོན་ཏན་བརྒྱ་རྩ་བརྒྱད་ཀྱང་ཐོབ།། དམྱལ་བའི་སྡུག་བསྔལ་མྱོང་མི་འགྱུར།། ཡི་དགས་གནས་སུ་མི་སྐྱེ་ཞིང་།། བྱོལ་སོང་སྐྱེས་པས་ཐོགས་མི
189a6 འགྱུར། ། ལུས་འཕགས་གནས་སུ་སྐྱེས་པ་ན།། ཐོག་ལ་སོགས་པ་མི་འབབ་ཅིང་།། སྔ་མི་སྙན་དུ་རླུང་གིས་མིན།། དེ་བཞིནི་བགླང་སྤྱོད་དུ་ཡང་།། ཆུ་དང་རླབས་ཀྱིས་འཁྱེར་མི་ནུས།། འཛམ་བུའི་གླིང་དུ་གང་སྐྱེས་པ།།
189a7 སྣ་ཚོགས་གནོད་པས་ཉེན་མི་འགྱུར།། འདོད་པའི་ལྷ་རྣམས་གནས་སུ་ཡང་།། སྐྱེས་ནས་ཆོས་ལ་དགའ་བར་འགྱུར།། བསམ་གཏན་བཞི་ཡི་སྐྱེ་གནས་སུ།། ཚད་མེད་བཞི་ནི་འཕེལ་བར་འགྱུར།། གཟུགས་མེད་གནས




iiif viewer powered by OpenSeadragon

188b - 189b

Texts on this page

S627 - dpal lha mo nag mo'i mtshan brgya rtsa brgyad pa