e-texts navigator
Collection
Volume
Page
Wylie

166a1 ཕྱག་རྒྱ་འདི་ཉིད་ལ་མིང་མེད་བརྐྱང་བའི་ཕྱག་རྒྱ་ཡིན་ཏེ། སྔགས་ནི། ཨོཾ་བཱ་སུ་དྷ་མ་ཏི་ཤྲི་ཡེ་སྭཱ་ཧཱ། ཕྱག་རྒྱ་འདི་ཉིད་ལ་མཐེའུ་ཆུང་གི་སེན་མོ་མཐེབ་ཆེན་གྱིས་བཀབ་སྟེ། སོར་མོ་གཞན་རྣམས
166a2 ནིརྡོ་རྗེའི་མཚན་ཉིད་དུ་བྱས་པ་ནི་མར་མེའི་ཕྱག་རྒྱ་སྟེ། སྔགས་ནི། ཨོཾ་བ་སུ་དྷ་རི་ཎི་སྭཱ་ཧཱ། སེན་མོ་གན་ཀྱལ་དུ་བྱས་ལ་མཐེ་བོང་གཉིས་ལོགས་སུ་སྦྱར་བ་ནི་གཏོར་མའི་ཕྱག་རྒྱ་སྟེ། སྔགས་ནི། ཨོཾ་བཱ་སུ་དྷ་རེ་ཎི་སྭཱ་ཧཱ།
166a3 ལྷག་མཉེ་བར་སྤྱོད་པ་ཉི་ཤུ་རྩ་བའི་སྔགས་ཀྱིས་ཐུན་མོང་གི་ཕྱག་རྒྱའམ། སྔགས་ཀྱིས་བསྒྲུབ་པར་བྱའོ།། བཅོམ་ལྡན་འདས་མའི་ཐང་ཀའི་ཆོ་ག་ནི་ཉམས་པ་མེད་ཅིང་། སྒྲའི་ཉམས་པ་མེད་པ་སྐུད་པ་མཆད་པའི
166a4 རས་ཞེང་དུ་མཐོ་གང་གི་ཚད་ཉིད་ལ་རིང་དུ་མཐོ་དོ་བྱས་ཏེ། སྟེང་དུ་བཅོམ་ལྡན་འདས་བྲི། གཡས་སུ་འཕགས་པ་སྤྱན་རས་གཟིགས་བྱ། གཡོན་དུ་རྡོ་རྗེ་འཆང་བྱ། བཅོམ་ལྡན་འདས་ཀྱི་འོ་ག་ཐང་ཀའི་དབུས་སུ
166a5 བཅོམ་ལྡན་འདས་མ་བྲིས་ཏེ། གསེར་གྱི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གོས་སྲབ་མོའི་ཤམ་ཀག་མནབས་པ། དེ་བཞིན་དུ་གོས་སྲབ་མོའི་སྟོད་གཡོགས་ཅན། ཁ་དོག་སྣ་ཚོགས་ཀྱི་ཤམ་ཐམ
166a6 དང་ལྡན་པའོ། ། དེ་ནས་འོག་ཕྱོགས་སུ་སྒྲུབ་པ་པོ་ལག་ན་མཆོད་པའི་ཆོ་ག་བྱའོ།། དེ་ནས་སྒྲུབ་པ་པོས་གཙང་སྦྲ་བྱས་གོས་གཙང་མགྱོན་ཏེ། གསོ་སྦྱོང་ཡན་ལག་བརྒྱད་བྱའོ།། དེའི་མདུན་དུ་བསྙེན་པ་འབུམ་ཕྲག
166a7 གཅིག་བྱས་ལ་ཇི་ལྟར་འབྱོར་པས་མཆོད་པའི་ཆོ་ག་བྱའོ། ། དེ་ནས་སྒྲུབ་པ་པོ་དང་ལྡན་པས་སྨྱུང་བ་བྱས་ཏེ། ཞིང་གི་དབུས་སུ་ཐང་སྐུ་བཞུགས་སུ་གསོལ་ཏེ། དྲི་དང་། མེ་ཏོག་དང་། བདུག་པ་དང་། ཉེ་བར་ལོངས་སྤྱོད།




iiif viewer powered by OpenSeadragon

165b - 166b

Texts on this page

S619 - bcom ldan 'das ma nor rgyun ma'i rtog pa