e-texts navigator
Collection
Volume
Page
Wylie

165b1 ན་མོ་རཏྣ་ཏྲཱ་ཡཱ་ཡ། ཨོཾ་བཱ་སུ་དྷ་རེ་སྭཱ་ཧཱ། སྙིང་པོའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་བཱ་སུ་ཤྲཱི་སྭཱ་ཧཱ། ཉེ་བའི་སྙིང་པོའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་བཱ་སུ་སྭཱ་ཧཱ། ཉེ་བའི་སྙིང་པོའི་ཡང་ཉེ་བའི་སྙིང
165b2 བོཔོབོའོ། ། ཐལ་མོ་སྦྱར་ཏེ་གུང་མོ་གཉིས་དང་། དེ་ནས་སྲིན་ལག་གཉིས་དང་། མཐེའུ་ཆུང་གཉིས་ཀཤིབས་ཏེ་སྔགས་མཛུབ་ཕན་ཚུན་སྦྲེལ་ལ། མཐེའུ་ཆུང་གཉིས་ཅུང་ཞིག་བསྣོལ་ཏེ། རྩེ་མོ་གཉིས་རྒྱབ་སྤད་དེ
165b3 ཁབ་ལྟ་བུ་བྱས་ལ། གུང་མོ་རྩེ་སྤྲད་པ་ལ་མཐེབ་མོ་ཟུང་གཅིག་དེའི་འོག་ཏུ་སྦར་ཏེ། རེག་པ་བཅས་པ་ནི་རབ་ཏུ་བཟུང་བའི་རྟོག་པ་ལས་གསུངས་པ་སྟེ། ལས་ཐམས་ཅད་སྒྲུབ་པའི་བཅོམ་ལྡན་འདས་མ་ནོར
165b4 རྒྱུན་མའི་གཟུངས་འདི། ཐུབ་པས་གསུངས་པའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཤྲཱི་ཡི་ཤྲཱི་ཀ་རི། དྷ་ན་ཀ་རི་དྷ་ན་ཀ་རི་སྭཱ་ཧཱ། བསྒྲུབ་པར་བྱ་བའི་སྔགས་སོ།། རིགས་པ་འདིའི་དང་པོ་རེ་ཞིག་དམ་ཚིག་གི་ཕྱག
165b5 རྒྱ་ནི་སོར་མོ་རྣམས་ཐལ་མོ་སྦྱར་ལ་མཐེབ་ཆེན་དབུས་སུ་གཅིག་པ་ནི་བཅོམ་ལྡན་འདས་མའི་དམ་ཚིག་གི་ཕྱག་རྒྱའོ། ། ཨོཾ་ས་མ་ཡེ། ས་མེ་ས་མ་ཡ་ཀ་རི། མ་ཧཱ་ས་མ་ཡེ་སྭཱ་ཧཱ། དམ་ཚིག་གི་ཕྱག་རྒྱ་དང་སྔགས
165b6 སོ། ། ཕྱག་རྒྱ་དེ་ཉིད་ལ་གུང་མོ་དང་སྡིགས་མཛུབ་ཀྱི་ཚིགས་གསུམ་པ་བསྐུལ་ཞིང་མཐེའུ་ཆུང་གཉིས་ཅུང་ཟད་ཕྱིར་ཕྱུང་བ་ནི་བཅོམ་ལྡན་འདས་མའི་ཕྱག་རྒྱའོ།། འདི་ནི་དབབ་པ་དང་། བསྡུ་བ་དང་། བསྒྲུབ་བྱའི་སྔགས་ཀྱིས
165b7 བྱའོ། ། ཕྱག་རྒྱ་དེ་ཉིད་ལ་སྡིགས་མཛུབ་གཉིས་བརྐྱང་བ་ནི་མེ་ཏོག་གི་ཕྱག་རྒྱ་ཡིན་ཏེ། ཨོཾ་བཱ་སུ་དྷེ་སྭཱ་ཧཱ། མེ་ཏོག་གི་ཕྱག་རྒྱ་དེ་ཉིད་ལས་གུང་མོ་བརྐྱང་བ་ནི་བདུག་སྤོས་ཀྱི་ཕྱག་རྒྱ་ཡིན་ཏེ། སྔགས་ནི། ཨོཾ་བཱ་སུངྒ་རེ་སྭཱ་ཧཱ།




iiif viewer powered by OpenSeadragon

165a - 166a

Texts on this page

S619 - bcom ldan 'das ma nor rgyun ma'i rtog pa