e-texts navigator
Collection
Volume
Page
Wylie

165a1 པར་འདོད་ན་ཉིན་མོ་ཆུའི་ནང་དུ་བཟླས་པ་བྱ་ཞིང་། མཚན་མོའི་ཕྱེད་ན་ཏིལ་གྱི་སྦྱིན་སྲེག་བརྒྱད་བརྒྱ་བྱས་ན་རྒྱལ་རིགས་ལས་རྙེད་པ་ཆེན་པོ་འཐོབ་བོ།། ཡུངས་ཀར་མར་ལ་བསྲེས་ནས་སྦྱིན
165a2 སྲེག་བྱས་ན་རྒྱལ་པོ་དབང་དུ་བྱེད་དོ། ། ཀུན་ཏུ་རའི་སྦྱིན་སྲེག་བྱས་ན་རྒྱལ་པོའི་བློན་པོ་དབང་དུ་བྱེད་དོ།། ཁ་ཅིག་གིས་ནི་སྦྱོར་བ་གང་གིས་མཚན་མོ་བཅོམ་ལྡན་འདས་པདྨའི་གདན་ཅན་དྲན་པར་བྱས་ན་སྦྱིན་བདག་ཆེན
165a3 པོར་འགྱུར་རོ། ། ཡང་ན་སྒྲུབ་ཐབས་ཆེན་པོ་བཤད་པར་བྱ་སྟེ། ཆོ་འཕྲུལ་གྱི་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ། ཟས་ཇི་སྲིད་དུ་བཅད་ནས་གདུང་དང་བཅས་པའི་མཆོད་རྟེན་གྱི་དྲུང་ན་ཐང་ཀ་ནུབ
165a4 ཕྱོགས་སུ་བསྟན་ལ་དགྲམ་ཞིང་། ཉིན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བགྲག་ཅིང་། མཚན་མོ་སྟན་གཅིག་ལ་གནས་པས་ནུབ་ཡལ་གྱིས་བཟླས་པ་བྱས་ན་ནོར་གྱི་ཕུང་པོ་ཆེན་པོ་རྙེད་དེ། འཐོར་གནོད་བྱས་ཀྱང
165a5 མཛད་པར་མི་འགྱུར་ཏེ། ལྷ་ཁང་ཆེན་པོ་བྱའོ།། ཆོ་ག་འདིའི་ཆོ་འཕྲུལ་གྱི་དཀར་པོའི་ཕྱོགས་ལ་བཟླས་པ་བྱས་ན་འཁོར་ལོས་སྒྱུར་བ་འཐོབ་ཅིང་། བཅོམ་ལྡན་འདས་མ་ནོར་རྒྱུན་མ་དངོས་སུ་མཐོང་ཞིང་ཕྱིར་མི་ལྡོག
165a6 པཔའི་བྱང་ཆུབ་སེམས་དཔར་འགྱུར་རོ། ། ཇི་ལྟར་དེ་ལྟར་ཚངས་སྤྱོད་བྱ་ཞིང་། ཁ་ན་མ་ཐོ་བའི་ཟས་ཆང་དང་ཉ་ཤ་ལ་སོགས་པ་སྤངས་ཤིང་མཚན་མོ་བཟླས་པ་བྱས་ན་དབུལ་པོར་མི་འགྱུར་རོ།། དེ་ནས་བཅོམ་ལྡན
165a7 འདས་ལ་འཕགས་པ་ཀུན་དགའ་བོ་དང་། ཟླ་བ་བཟང་པོ་ཡོངས་སུ་དགའ་ནས་ཁྱིམ་བདག་ཟླ་བ་བཟང་པོའི་དོན་དུ་གསུངས་པ་ལ་མངོན་པར་བསྟོད་དོ།། བཅོམ་ལྡན་འདས་མ་ནོར་རྒྱུན་མའི་རྟོག་པ་རྫོགས་སོ།།




iiif viewer powered by OpenSeadragon

164b - 165b

Texts on this page

S619 - bcom ldan 'das ma nor rgyun ma'i rtog pa