| | e-texts navigator
|
164b1 གྱིས་བྱུག་པར་བྱ་བ་ནི་ནུབ་མོ་སྔ་བར་ལངས་ཏེ། ཆུར་ཁྲུ་བདུན།། ཞེང་དུ་ཁྲུ་གསུམ་སྟེ། ཁྲུ་བཅུ་དང་བཅས་པལ་ཚོན་སྣ་མ་ལུས་པ་གསོ་སྦྱོང་དང་ལྡན་པའི་ལྷ་བཟོས་བཅོམ་ལྡན་འདས་མ་མདོག་ལྔ་སེར་སྣ་ཚོགས་པའི་རྒྱན་གྱིས
164b2 བརྒྱན་པ། ཕྱག་གཡས་པ་ན་འབྲས་བུ་ཆེན་པོ་བསྣམས་པ། ཕྱག་གཡོན་པ་ན་སྒྲུབ་པ་པོ་རྣམས་ལ་སྟེར་བའི་རིན་པོ་ཆེའི་ཟ་མ་ཏོག་མུ་ཏིཀ་དང་། རྡོ་རྗེ་པ་ལམ་དང་། བཻ་ཌཱུཪྻའི་འབྲས་བུ་ཅན་བསྣམས་པའི་ཕྱག་དང་ལྡན་པ་བྱའོ།།
164b3 སྟང་དུ་ལྷའི་བུ་རིན་པོ་ཆེའི་ཆར་མངོན་དུ་འབེབས་བཞིན་པ་བྱའོ།། གཡས་ལོགས་སུ་དཔལ་ཆེན་མོ་པདྨའི་ཕྱག་ཅན་སྒྲུབ་པ་པོ་ལ་ཉེ་བར་དགོས་པ་ལ་གནས་པ་བཞིན་པ་བྱའོ།། གཡོན་ལོགས་སུ་པདྨའི་དཔལ་རིན་པོ་ཆེའི
164b4 སྙིམ་པ་གང་བ་བྱའོ། ། འོག་ཏུ་སྒྲུབ་པ་པོ་པདྨའི་ལག་པ་ཅན་བྱའོ།། དེ་ནས་ཐང་སྐུ་སྐུ་གདུང་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་ནུབ་ཕྱོགས་སུ་ཁ་བསྟན་ལ་བཀྲམ་སྟེ། དེ་ནས་ཉེ་བར་སྤྱོད་པའི་གཏོར་མ་མ་གཏོགས་པ
164b5 མཛོད་ཀྱི་བཞེས་པའང་དབུལ་ཞིང་དྲི་ཞིམ་པོ་མེ་ཏོག་གིས་མཆོད་པ་ཆེན་པོ་བྱས་ལ། ཙན་དན་དང་ཨ་ཀ་རུའི་བདུག་པས་བསྲེག་པར་བྱའོ།། ཞུན་མར་གྱི་མར་མེ་བརྒྱ་དབུལ་བར་བྱའོ།། དེ་ནས་སྟན་གཅིག་ལ་གནས
164b6 ལ་བཅོམ་ལྡན་འདས་མའི་ཞལ་ལ་དམིགས་ལ་ནུབ་མོ་མཚན་ཡལ་བཟླས་པ་བྱས་ན། དེ་ནས་སྐྱ་རེངས་ཤར་བའི་དུས་སུ་སྐྱེས་བུ་ཆེན་པོ་ཙམ་གྱི་ནོར་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱུན་འབབ་ཅིང་ཁང་བཀང་བར་འགྱུར་རོ།།
164b7 ཡང་ན་མཚན་མོ་ཕྱེད་ན་ཆུའི་ནང་དུ་ཞུགས་ལ་བརྒྱད་བརྒྱ་བཟླས་པར་བྱའོ།། ཟླ་བ་གཅིག་ཏུ་གཅིག་གི་སྦྱོར་བས་ནོར་གྱི་རྒྱུན་འབབ་པར་འགྱུར་ཏེ། མི་ཤེས་པར་ཁ་ཅིག་འཕེལ་བར་འགྱུར་རོ།། ཡང་ན་རྒྱལ་པོའི་དཀོར་མངོན
iiif viewer powered by OpenSeadragon
164a - 165a