| | e-texts navigator
|
163b1 ཏམ། ལན་གསུམ་དུ་བཏོན་ཀྱང་འགལ་བར་བྱེད་པ་དེ་ནི་གནས་མེད་དོ།། ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་འདི་དག་ནི་མི་བྱེད་པ་ཡིན་ནོ།། ཀུན་དགའ་བོ་འདི་དག་ནི་སེམས་ཅན་དགེ་བའི་རྩ་བཟང་པ་རྣམས་ཀྱིན
163b2 ལམ་དུ་གྲགས་པར་མི་འགྱུར་ན། ། གླེགས་བམ་ལ་ཡི་གེར་འདྲི་བ་དང་། ཡིད་ལ་གཟུང་བ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་སྟེ། གཟུངས་སྔགས་འདི་ནི་སེམས་ཅན་དབུལ
163b3 བོ་དང་། ནད་སྣ་ཚོགས་ཀྱིས་གཟིར་བ་དང་། འཇིགས་པ་དང་། སེམས་ཅན་སྡང་བས་གནོད་པར་བྱས་པ་ཐམས་ཅད་ཀྱི་དོན་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་དང་། བཤད་པ་དང་། རྗེས་སུ་ཡི་རངས་པ
163b4 དང་། རབ་ཏུ་ཕྱེ་བ་དང་། བསྔགས་པ་དང་། བཀྲོལ་བ་དང་། གསལ་བར་མཛད་པ་དང་། བསྐྱེད་པ་དང་། བྱིན་གྱིས་བརླབས་པ་དང་། ཆོས་ཀྱི་ཕྱག་རྒྱས་བཏབ་པ་དང་། བསྟོད་པ་དང་། སྙན་པར་བརྗོད་པ་དང
163b5 གོ་བར་མཛད་པ་དང་། བསྙད་པའི་ཕྱིར་རོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། དེའི་ཚེ་ཐལ་མོ་སྦྱར་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་ཅིང་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ།། སངས་རྒྱས
163b6 བཅོམ་ལྡན་བསམ་གྱིས་མི་ཁྱབ་སྟེ། ། སངས་རྒྱས་ཆོས་ཀྱང་བསམ་གྱིས་མི་ཁྱབ་ལགས།། བསམ་གྱིས་མི་ཁྱབ་པ་ལ་དད་རྣམས་ཀྱི།། རྣམ་པར་སྨིན་པའང་བསམ་གྱིས་མི་ཁྱབ་ལགས།། ཞི་བ་ཅི་ཡང་མཁྱེན་པ་ཐམས་ཅད
163b7 མཁྱེན། ། ཆོས་ཀྱི་རྒྱལ་པོ་རྒ་ཤི་མི་མངའ་བ།། ཡེ་ཤེས་ཕ་རོལ་བགྲོད་པ་བྱོན་གྱུར་པ།། སངས་རྒྱས་དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཚིམ་ཞིང་དགའ་ལ་མགུ་ཞིང་ཡི་རངས་ནས
iiif viewer powered by OpenSeadragon
163a - 164a