e-texts navigator
Collection
Volume
Page
Wylie

163a1 ལ་མགུ་ཞིང་ཡི་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཡ་མཚན་དུ་འཛིན་ཅིང་དགའ་བ་དང་།
163a2 ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་གིས་ཁྱིམ་བདག་ཟླ་བ་བཟང་པོ་ནོར་མང་ཞིང་མཛོད་ཆེན་པོ་དང་བང་མཛོད་རྣམས་ཀྱང་ནོར་དང་འབྲུ་ཕུན་སུམ་ཚོགས་པའི་རྒྱུ
163a3 གང་ལགས། ། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུ་ཁྱིམ་བདག་ཟླ་བ་བཟང་པོ་དད་ཅིང་མཆོག་ཏུ་དད་ལ་དགེ་བའི་བསམ་པ་ཅན་དེས། ནོར་གྱི་རྒྱུན་གྱི་གཟུངས་འདི་བཟུང
163a4 ཞིང་རབ་ཏུ་བཏོན་ཏེ། བླངས་ཤིང་བགྲགས། ཀུན་ཆུབ་པར་བྱས། རྗེས་སུ་ཡི་རངས་པར་བྱས་ཤིང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་རོ།། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཀྱང་ནོར་གྱི་རྒྱུན
163a5 གྱི་གཟུངས་འདི་ལོང་ཞིག། ཆོངས་ཤིག། ལྷོགས་ཤིག། སྟོན་ཅིག། ཟུང་ཞིག། ཀུན་ཆུབ་པར་གྱིས་ཤིག། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག་དང་། དེ་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ
163a6 མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་བལ་པོ་ཆེ་དང་། ལྷ་དང་། མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བར་འགྱུར་རོ།། ཀུན་དགའ་བོ་སུ་ཞིག་རིག་སྔགས་འདི་ལས་གཞན་དུ་སྨྲ་བ་ནི་ལྷ་དང་།
163a7 བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ནངས་མ་མཐོང་ངོ་།། ལན་གཉིས་སུ་བཏོན




iiif viewer powered by OpenSeadragon

162b - 163b

Texts on this page

S618 - 'phags pa nor gyi rgyun zhes bya ba'i gzungs