| | e-texts navigator
|
162a1 ཏེ་ཛོ་མ་ནུ་སྨ་ར་སྭཱ་ཧཱ། བི་ཛ་ཡ་མ་ནུ་སྨ་ར་སྭཱ་ཧཱ། ཧྲྀ་ད་ཡ་མ་ནུ་སྨ་ར་སྭཱ་ཧཱ། སརྦ་སཏྭཱ་བི་ན་ཡ་མ་ནུསྨ་ར་སྭཱ་ཧཱ། ཨོཾ་བཱ་སུ་དྷ་རེ་སྭཱ་ཧཱ། ཨོཾ་བཱ་སུ་ཤྲི་ཡེ་སྭཱ་ཧཱ། ཨོཾ་ཤྲི་བཱ་སུ་སྭཱ་ཧཱ། ཨོཾ་བཱ་སུ་སྭཱ་ཧཱ།
162a2 རིགས་ཀྱི་བུ་འདི་ནི་ནོར་གྱི་རྒྱུན་ཅེས་བྱ་བའི་གཟུངས་ཏེ། གཟུངས་འདིའི་མཐུས་མུ་གེ་དང་། ནད་དང་། འཆིངས་འབྱུང་བར་མི་འགྱུར་རོ།། རིགས་ཀྱི་བུ་སུ་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི
162a3 སངས་རྒྱས་རྣམས་ལ་མཆོད་པ་བྱས་ཏེ། ནོར་གྱི་རྒྱུན་གྱི་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་འདི་དག་ནུབ་གཅིག་བཏོན་ན། དེ་ནས་དངོས་གྲུབ་ཏུ་འགྱུར་རོ།། རྒྱས་པའི་དོན་དུ་བདག་གི་ཁྱིམ་མམ། གནས་གཙང་མའི་བང་མཛོད
162a4 དམ། གནས་གང་དུ་བང་རུང་བར་དེ་བཞིན་གཤེགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། གསང་སྔགས་ཀྱི་ལྷའི་ཕྱིར་ཙན་དན་གྱིས་དཀྱིལ་འཁོར་གྲུ
162a5 བཞིར་བྱས་ཏེ་ནུབ་གཅིག་བཏོན་ན། རིགས་ཀྱི་བུ་དེའི་ཁྱིམ་ནོར་དང་། འབྲུ་དང་། གཽ་སེར་དང་། དངུལ་དང་། ཡོ་བྱད་ཐམས་ཅད་ཀྱི་རྒྱུན་མི་ཆེན་པོའི་ཚད་ཙམ་གྱིས་གང་བར་འགྱུར་རོ།། འཇིགས་པ་དང་གནོད་པ་ཐམས
162a6 ཅད་ཀྱང་མེད་པར་འགྱུར་རོ། ། རིགས་ཀྱི་བུ་ཁྱོད་དེའི་ཕྱིར་རབ་ཏུ་བསྒྲིམས་ལ་ནོར་གྱི་རྒྱུན་གྱི་གཟུངས་འདི་ཟུང་ཞིག། ཆོངས་ཤིག། ལྷོགས་ཤིག། སྟོན་ཅིག། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག
162a7 དང་། དེས་ཁྱོད་ཀྱི་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བར་འགྱུར་རོ།། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། ཁྱིམ་བདག་ཟླ་བ་བཟང་པོས། བཅོམ་ལྡན་འདས་ལས་ནོར་གྱི་རྒྱུན་གྱི་གཟུངས
iiif viewer powered by OpenSeadragon
161b - 162b