e-texts navigator
Collection
Volume
Page
Wylie

158a1 ཆེན་པོ་དག། ཁྲོས་བཞི་པར་བྱེད་པ་དེའི།། གསང་སྔགས་དང་ནི་མཆོད་པ་དག། རིམ་པ་བཞིན་དུ་བཤད་པར་བྱ།། དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཉིད་ཀྱིས་ཐུགས་ཀ་ནས
158a2 སྙིང་རྗེ་རྣམ་པར་རོལ་པ་ཞེས་བྱ་བའི་འོད་ཟེར་བཀྱེ་སྟེ། གཟའ་རྣམས་ཀྱི་སྤྱི་བོར་ཞུགས་སོ།། དེ་ནས་དེའི་མོད་ལ་ཉི་མ་ལ་སོགས་པ་གཟའ་ཐམས་ཅད་ལངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ
158a3 ཤཱཀྱ་ཐུབ་པ་ལ་ལྷ་རྫས་ཀྱི་མཆོད་པ་རྣམས་ཀྱིས་མཆོད་པར་བྱས་ཏེ། ཕྱག་འཚལ་ནས་པུས་མོ་བཙུགས་ཏེ་ཐལ་མོ་སྦྱར་བ་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས
158a4 དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ཅག་ལ་སྨན་ཡོན་བཏགས་པར་གྱུར་ཏོ། ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་གང་གིས་བདག་ཅག་རྣམས་ཚོགས
158a5 པས། ། ཆོས་སྨྲ་བ་རྣམས་ལ་བསྲུང་བར་འགྱུར་བ་དང་། ཡོངས་སུ་བསྐྱང་བ་དང་། བདེ་ལེགས་སུ་འགྱུར་བ་དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་། དུག་གསད་པ་དང་། མཚམས་གཅད་པ་དང་།
158a6 སབཅིང་བ་རྣམས་བགྱིད་པར་འགྱུར་བ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གཟའ་རྣམས་མཆོད་པ་དང་། གསང་སྔགས་བཀའ་སྩལ་པ། ཨོཾ་མེ་གྷོམྦྷ་ཡ་སྭཱ་ཧཱ།
158a7 ཨོཾ་ཤྲཱི་ཏཱ་ཤ་བ་སྭཱ་ཧཱ། ཨོཾ་རཀྟཾ་ཀ་ཀུམྦ་རཱ་ཡ་སྭཱཧཱ། ཨོཾ་བུདྡྷཱ་ཡ་སྭཱ་ཧཱ། ཨོཾ་བྷོ་ག་སྥ་ད་ཡ་སྭཱ་ཧཱ། ཨོཾ་ཨ་སུ་རོཏྟ་མཱ་ཡ་སྭཱ་ཧཱ། ཨོཾ་ཀྲྀཥྞ་བ་རཎཱ་ཡ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་པྲི་མཱ་ཡ་སྭཱཧཱ། ཨོཾ་ཛྱོ་ཏ་ཤྭེ་བེ་སཱ་ནཱ




iiif viewer powered by OpenSeadragon

157b - 158b

Texts on this page

S617 - gza' rnams kyi yum zhes bya ba'i gzungs