e-texts navigator
Collection
Volume
Page
Wylie

157b1 གི་སྙིང་ཁར་བཞག་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གཟའ་མི་བཟད་པའི་གཟུགས་ཅན། དྲག་ཤུལ་གྱི་སེམས་དང་ལྡན་པ། ཁྲོ་བོའི་གཟུགས་ཅན་དག་སེམས་ཅན
157b2 རྣམས་ལ་འཚེ་བར་བགྱིད། མཐོ་བ་ཙམ་པར་བགྱིད། མདངས་ཀྱང་འཕྲོག་པར་བགྱིད། ཁ་ཅིག་ནི་ནོར་རྫས་འཕྲོག། ཁ་ཅིག་ནི་སྲོག་འཕྲོག་པར་བགྱིད་ཅིང་། སེམས་ཅན་ཚེ་རིང་པོ་རྣམས་ནི་ཚེ་ཐུང་བར་བགྱིད
157b3 པ་སྟེ། དེ་ལྟར་སེམས་ཅན་ཐམས་ཅད་ལ་གནོད་པས་འཚེ་བར་བགྱིད་པ་དེའི་སླད་དུ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་གང་གིས་སེམས་ཅན་ཐམས་ཅད་བསྲུང་བར་འགྱུར་བ་བཅོམ་ལྡན་འདས་ཀྱིས
157b4 བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཡང་ཁྱོད་ཀྱིས་སྙིང་རྗེ་བསྐྱེད་ནས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་གསང་ཆེན་པས་ཀྱང་ཆེས་གསང་བ་དེ་བཞིན
157b5 གཤེགས་པ་ལ་ཞུ་བར་བྱེད་པ་དེ་ནི་ལེགས་སོ་ལེགས་སོ། ། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་། གཟའ་མི་བཟད་པའི་གཟུགས་ཅན། ཤིན་ཏུ་ཁྲོ་བོ། ཤིན་ཏུ་འཇིགས་པར་བྱེད་པ་རྣམ
157b6 ཀྱི་མཆོད་པ་དང་། མཆོད་ཡོན་དང་། བཟླས་བརྗོད་བཟང་པོ་གསང་བ་བས་ཀྱང་ཆེས་གསང་བ་ངས་བཤད་དོ།། དེ་དག་མཆོད་པས་མཆོད་འགྱུར་ཞིང་།། གནོད་པར་བྱེད་པ་གནོད་བྱེད་པས།། གཟའ
157b7 དེ་ཀུན་གྱི་ཁ་དོག་དང་། ། ཇི་ལྟར་དགའ་བར་འགྱུར་བ་དང་།། ལྷ་རྣམས་དང་ནི་ལྷ་མིན་དང་།། མི་འམ་ཅི་དང་ཀླུ་དག་དང་།། གནོད་སྦྱིན་རྣམས་དང་སྲིན་པོ་དང་།། མི་རྣམས་དང་ནི་སྲུལ་པོ་དང་།། དྲག་པོ་གཟི་བརྗིད




iiif viewer powered by OpenSeadragon

157a - 158a

Texts on this page

S617 - gza' rnams kyi yum zhes bya ba'i gzungs