e-texts navigator
Collection
Volume
Page
Wylie

413b1 དམར་པོ་ལ་ལནཱ་བདུན་པ་ཟླས་པ་བྱས་ལ། མདུད་པ་བདུན་བོར་ཏེ་མགུལ་དུ་གདགས་སོ།། འཕགས་པ་གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པའི་མདོ་རྫོགས་སོ།། རྒྱ་གར་གྱི
413b2 མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ།
413b3 སརྦ་རོ་ག་པྲ་ཤ་མ་ནི་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།
413b4 འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ
413b5 སློང་རྣམས་ལ་བཀའ་སྩལ་པཱ། དགེ་སློང་དག་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཞིག། ཆོངས་ཤིག། ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་སྟོན་ཅིག། ཏདྱ་ཐཱ
413b6 ཙི་ལེ་མེ། ཙི་ལེ་མེ། པཾ་ན་ཀོ་ཀི་ལི། ཤྲི་མ་ཏི། ཀུནྡྲ་ལེ། དུནྣ་བྷེ། ཨིནྡྲ་ནི། མུ་ཁེ་སྭཱ་ཧཱ། འདི་དག་ནི་ཟས་མ་ཞུ་བ་དང་། ལྦོས་པ་དང་། ཁྲག་དང་མཁྲིས་པ་འདྲེས་པ་དང་། གཞང་འབྲུམ་གྱིས་བཏ་བ་པ
413b7 དང་། གཞང་ནད་ཅན་དང་། ཟ་གུ་དང་། ལུད་པ་ཅན་དང་། རིམས་ཅན་དང་། ཀླད་པ་ན་བ་དང་། གཞོགས་ཕྱེད་ན་བ་དང་། ཡི་དགས་ཀྱིས་ཟིན་པའི་གསང་སྔགས་ཀྱི་གཞི་ཡིན་ཏེ། ཀུན་དགའ




iiif viewer powered by OpenSeadragon

413a - 414a

Texts on this page

S580 - 'phags pa gzhang 'brum rab tu zhi bar byed pa'i mdo
S581 - 'phags pa nad thams cad rab tu zhi bar byed pa zhes bya ba'i gzungs