| | e-texts navigator
|
207b1 ཆེ་སྟེ། ལྷའི་དབང་པོ་གཟུངས་འདི་ནི་དེ་ལྟར་མཐུ་ཆེ་བ། ཕན་ཡོན་ཆེ་བ། མཐུ་སྟོབས་ཆེ་བ། དགེ་ཞིང་ཤེས་པ་ཡིན་ཏེ། ལྷའི་དབང་པོ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་གཙུག་ཏོར་རྣམ་པར་རྒྱལ
207b2 པབ་ཞེས་བྱ་བའི་གཟུངས་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ་འདི་བཞག་གོ། ། འདི་ལྟ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ཉི་མའི་སྙིང་པོ་ཤིན་ཏུ་དྲི་མ་མེད་པ་ནམ་མཁའ་ལྟར་ཡོངས་སུ་དག་པ་འོད་གསལ་བ་ནི་འོད་ཟེར
207b3 གྱི་སྣང་བས་འབར་ཞིང་འདུག་གོ། ། ལྷའི་དབང་པོ་དེ་བཞིན་དུ་སེམས་ཅན་དེའང་གོས་པ་མེད་པར་ཤེས་པར་བྱའོ།། འདི་ལྟ་སྟེ། དཔེར་ན་འཛམ་བུའི་ཆུ་བོའི་གསེར་ནི་ཤིན་ཏུ་དྲི་མ་མེད་པ། ཤིན་ཏུ་ཡོངས
207b4 སུ་དག་པ། ཤིན་ཏུ་ཉེ་བ། ཤིན་ཏུ་བསྙེན་པ། ཤིན་ཏུ་སྡུག་པའོ།། ལྷའི་དབང་པོ་དེ་བཞིན་དུ་སེམས་ཅན་དེའང་ཤིན་ཏུ་ཡོངས་སུ་དག་པར་རིག་པར་བྱ་སྟེ། ཚེ་རབས་གཞན་དུའང་དེ་བཞིན་དུ་སྐྱེ་བར
207b5 འགྱུར་རོ། ། ལྷའི་དབང་པོ་གང་ན་གཟུངས་འདི་རབ་ཏུ་སྟོན་པ་དང་། བྱེ་བྲག་ཏུ་ན་ཡི་གེར་འདྲིར་འཇུག་པ་དང་། འཛིན་པ་དང་། ཀློག་པ་དང་། འདོན་པ་དང་། ཁ་ཏོན་དུ་བྱེད་པ་དང་། མཆོད་པ་དང་།
207b6 ཀུན་ཆུབ་པར་བྱེད་པ་དང་། ཉན་པ་དང་། འཛིན་པར་འགྱུར་བ་དེར་འགྲོ་བ་ཐམས་ཅད་ཡོངས་སུ་དག་པར་འགྱུར། སེམས་ཅན་དམྱལ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ།། ལྷའི་དབང་པོ་གཟུངས
207b7 འདི་ཡི་གེར་བྲིས་ཏེ་རྒྱལ་མཚན་གྱི་རྩེ་མོར་གཞག་པར་བྱ། རི་མཐོན་པོ་འམ། ཁང་པ་མཐོན་པོའམ། མཆོད་རྟེན་གྱི་སྲོག་ཤིང་གི་སྟེང་དུ་གཞག་པར་བྱའོ།། ལྷའི་དབང་པོ་དགེ་སློང་ངམ། དགེ་སློང
iiif viewer powered by OpenSeadragon
207a - 208a