| | e-texts navigator
|
205a1 ཞེས་བྱ་བའི་གཟུངས་དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྐུར་བ། ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ། སྒྲིབ་པ་དང་སྡུག་བསྔལ་བར་སྐྱེ་བ་ཐམས་ཅད་འཇིག་པར་བྱེད
205a2 པ་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ཐམས་ཅད་ཡོངས་སུ་སྦྱོང་བ། བདེ་འགྲོའི་ལམ་དུ་འཇོག་པ་ཡོད་དེ། ལྷའི་དབང་པོ་དེ་ལྟ་བས་ན་གཙུག་ཏོར
205a3 རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ་ཐོས་མ་ཐག་ཏུ་སྒྲིབ་པར་འགྱུར་བའི་སྡུག་བསྔལ་གྱི་རང་བཞིན་སྣ་ཚོགས་ཚེ་བརྗེ་བ་ཤིན་ཏུ་མང་པོ་དག་འཇིག་པར་བྱེད་དོ། །
205a4 སྐྱེ་བ་ཡོངས་སུ་དག་པའི་རྒྱུད་ཐོབ་པར་འགྱུར་རོ།། ཚེར་རབས་ཐམས་ཅད་དུའང་ཚེར་བས་དྲན་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ།། ལྷའི་འཇིག་རྟེན
205a5 ནས་ལྷའི་འཇིག་རྟེན་དུ་འགྲོ་བར་འགྱུར་ཏེ། ། ལྷའི་གནས་སུམ་ཅུ་རྩ་གསུམ་གྱི་བར་དུ་འགྲོ་བར་འགྱུར་རོ།། ལྷའི་དབང་པོ་དེ་བརྗོད་མ་ཐག་ཏུ་ཚེ་ཟད་པའི་མིའང་ཚེ་ཕྱིར་ནུར་བར་འགྱུར་བའི་ལས
205a6 ཐོབ་པར་འགྱུར་རོ། ། ལུས་དང་། ངག་དང་། ཡིད་ཀྱི་ལས་ཡོངས་སུ་དག་པ།། ཡོངས་སུ་བསགས་པ་བདེ་བར་རེག་པ་ལ་གནས་པས་གནས་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས
205a7 ཅད་ཀྱང་དེ་ལ་གཟིགས་སོ། ། དེ་དག་ཀྱང་དེ་ལ་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ་དང་། སྦབ་མཛད་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེ་ལ་སེམས་པར
iiif viewer powered by OpenSeadragon
204b - 205b