| | e-texts navigator
|
204a1 བྱས་ནས་ཀྱང་འཛམ་བུའི་གླིང་དུ་སྐྱེས་ཏེ། དེར་ཡང་འགྲོ་བ་བདུན་པོ་མྱོང་བར་འགྱུར་རོ།། འགྲོ་བ་བདུན་པོ་མྱོང་ནས་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ།། བརྒྱ་ལ
204a2 ནམ་ཞིག་མིར་སྐྱེས་པར་གྱུར་ནའང་དེར་དབུལ་པོར་འགྱུར་ཞིང་དམུས་ལོང་དུ་འགྱུར་རོ་ཞེས་དེས་ཐོས་སོ། ། དེ་ནས་ལྷའི་བུ་དེས་སྒྲ་དེ་ཐོས་ནས་འཇིགས་སྐྲག་སྔངས་ཏེ་སྤུ་ཟིང་ཞེས་བྱེད་པར་གྱུར་ནས།
204a3 དེ་རིངས་པ་རིངས་པར་ལྷའི་དབང་པོ་བརྒྱ་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱི་རྐང་པ་ལ་ཕྱག་བྱས་ཏེ། བརྟབས་པར་སྨྲ་ཞིང་དེ་ཀྱི་ཧུད་ཀྱི་ཧུད་ཅེས་སྨྲེ་སྔགས་འདོན་བཞིན
204a4 དུལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། ། ལྷའི་དབང་པོ་གསན་དུ་གསོལ། ལྷའི་དབང་པོ་བདག་དེང་ལྷའི་བུ་མོའི་ཚོགས་ཀྱིས་བསྐོར་ཏེ། ལྷའི་ལོངས་སྤྱོད་ཀྱི་དགའ་བས་རྩེ་ཞིང་བདེ་བ་མྱོང
204a5 བ་ལས་སྒྲ་ཞིག་ཐོས་པ། ལྷའི་བུ་ཤིན་ཏུ་བརྟན་པ་ཞག་བདུན་ན་འཆི་བའི་དུས་བྱེད་པར་འགྱུར་ཏེ། འཛམ་བུའི་གླིང་དུ་སྐྱེ་བར་འགྱུར་རོ།། དེར་ཡང་དེ་འགྲོ་བ་བདུན་མྱོང་ནས་སེམས་ཅན་དམྱལ་བར་སྐྱེ་བར
204a6 འགྱུར་རོ། ། བརྒྱ་ལ་ནམ་ཞིག་མིར་སྐྱེས་པར་གྱུར་ནའང་དེར་དེ་དབུལ་པོར་འགྱུར་ཞིང་དམུས་ལོང་དུའང་འགྱུར་རོ་ཞེས་ཐོས་ན།། ལྷའི་དབང་པོ་དེ་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། དེ་ནས་ལྷའི་དབང
204a7 པོ་བརྒྱ་བྱིན་གྱིས་ལྷའི་བུ་ཤིན་ཏུ་བརྟན་པའི་ཚིག་དེ་ཐོས་ནས་ཤིན་ཏུ་ངོ་མཚར་དུ་འཛིན་པར་གྱུར་ཏེ། ལྷའི་བུ་འདིས་འགྲོ་བ་བདུན་པོ་གང་དག་མྱོང་བར་འགྱུར་སྙམ་དུ་སེམས་ཤིང་སྐད་ཅིག་ཅང་མི་སྨྲ་བར་འདུག
iiif viewer powered by OpenSeadragon
203b - 204b