| | e-texts navigator
|
197b1 ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཚེ་དཔག་ཏུ
197b2 མེད་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བ་ཅན་གྱི་ཆོས་ཡང་དག་པར་སྡུད་པའི་ཕུག་ཁང་བཟང་མཆོག་ན་ཉེ་བར་བཞུགས་སོ། ། བྱང་ཆུབ་སེམས
197b3 དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་སྡུག་བསྔལ་བ་ནད་ཀྱིས་ཡོངས་སུ་གཟིར་བའི་སེམས་ཅན་ཚེ་ཐུང་བ་ཡོད་དེ། དེ་རྣམས་ཀྱི་ཕྱིར་འཁོར་གྱི
197b4 དཀྱིལ་འཁོར་ལ་ཉེ་བར་གཟིགས་ཏེ། ཀུན་ཏུ་གཟིགས་པའི་དཔལ་གྱི་མཚན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་འདི་བཅང་བ་དང་། ཀློག་པ་དང་། གཞན་ལ་རྒྱ་ཆེར
197b5 ཡང་དག་པར་སྟོན་པ་ནི་ཚེ་རིང་བ་སླབ་པར་བྱེད་པའི་ཆེད་དུའོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལངས་ཏེ་ཐལ་མོ་སྦྱར་བར་གྱུར་པས། བཅོམ་ལྡན
197b6 འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བསྟན་དུ་གསོལ། དེ་བཞིན་གཤེགས་པ་ཐམས་ཅད་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་བདེ་བར་གཤེགས་པས་བསྟན་དུ་གསོལ། དེ་ནས
197b7 བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་ཉེ་བར་གཟིགས་ཏེ། ཀུན་ཏུ་གཟིགས་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུག་ནས། དེ་བཞིན་གཤེགས་པ་ཐམས
iiif viewer powered by OpenSeadragon
197a - 198a