e-texts navigator
Collection
Volume
Page
Wylie

497a1 གཅོད་པ། ། སྨྲ་བའི་སེང་གེ་མི་ཡི་མཆོག། དུལ་ཞིང་ཉོན་མོངས་དགྲ་རྣམས་དང་།། སྒྲིབ་པ་དྲི་མ་ཀུན་མི་མངའ།། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ།
497a2 གྲོལ་ཞིང་འཇིག་རྟེན་གྲོལ་མཛད་པ།། རལ་པ་མུན་ཛ་བརྟུལ་ཞུགས་ཅན།། ཚངས་པ་ཚངས་པའི་གནས་ན་བཞུགས།། བགྲང་ནོར་ཐོགས་ཤིང་ཕྱག་འཁར་བསྣམས།། དག་ཅིང
497a3 དག་ལ་རྣམས་དང་ལྡན། ། འཇམ་པའི་དབྱངས་ཅན་མངའ་བདག་མཛད།། པདྨ་ལས་འཁྲུངས་པདྨའི་སྤྱན།། པདྨའི་ཟེ་བའི་ཁ་དོག་འདྲ།། བཞུགས་པའི་གདན་ཁྲི་པདྨ་ལགས།
497a4 གཙང་མ་ཨུཏྤལ་སྔོན་པོ་བསྣམས།། བསམ་དག་ཞི་བའི་ཐུགས་དང་ལྡན།། ཁྱོད་ནི་སངས་རྒྱས་རང་སངས་རྒྱས།། ཁྱོད་ནི་དང་པོའི་སངས་རྒྱས་ལགས།། རྫུ་འཕྲུལ་ལྡན་ཞིང
497a5 མངའ་དབང་བརྙེས། ། བདེན་པ་བཞི་དག་སྟོན་པ་པོ།། འཇིག་རྟེན་སྐྱོང་བ་སྤྱན་སྟོང་མངའ།། ཁྱོད་ནི་དབང་ཕྱུག་སྐྱེ་དགུའི་བདག། ཁྱོད་ནི་ཞི་བའི་སེམས་ཅན་རྣམས།། ཀུན་གྱི་མངའ་བདག་ཡོན་ཏན
497a6 གཙེ། ། ཁྱོད་ནི་ཁྱུ་མཆོག་སྐྱེ་དགུའི་གཙོ།། ཐུ་བོ་དེ་བཞིན་ཚེ་རབས་དགོངས།། རྣམ་པར་འདྲེན་དང་འདུལ་མཛད་པ།། རྒྱལ་སྲས་རྒྱལ་བ་ཉིད་ལ་འཁྲུངས།། འོད་ཟེར་སྟོང་ལྡན་ཉི་མ་ཁྱོད།། ཟླ་བ་དང་ནི
497a7 ཕུར་བུའང་ཁྱེད། ། རྣམ་ཐོས་བུ་དང་ཆུ་ལྷའང་ལགས།། དབང་ཕྱུག་ཆེ་ཁྱོད་ཁྱབ་འཇུག་ཁྱོད།། ཀླུ་ཡི་རྒྱལ་པོ་མཐའ་ཡས་ཁྱོད།། དེ་བཞིན་སྡེ་དཔོན་སྐེམ་བྱེད་ལགས།། ལྷ་མིན་དབང་པོ་ཐགས




iiif viewer powered by OpenSeadragon

496b - 497b

Texts on this page

S511 - 'phags pa 'jam dpal gyi mtshan brgya rtsa brgyad pa zhes bya ba