e-texts navigator
Collection
Volume
Page
Wylie

496a1 འགྱུར་རོ། ། འབུམ་ཕྲག་གསུམ་བཟླས་ན་འཟམ་དཔལ་གྱི་ཞལ་མཐོང་བར་འགྱུར་རོ།། གལ་ཏེ་མཚམས་མེད་པ་ལྔ་བྱས་པས་གྲུབ་པར་མ་གྱུར་ན་དེའི་ཚེ་ཉིད
496a2 མཚམས་མེད་པ་ལྔ་བྱེད་པ་ཡིན་ཞིང་། ང་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་བསླུས་པར་གྱུར་ཅིག། རྗེ་བཙུན་འཕགས་པ་འཇབ་དཔལ་གྱི་ཤེས་རབ་དང་དྲོ་འཕེལ་བ་ཞེས
496a3 བྱ་བའི་གཟུངས་རྫོགས་སོ། ། འཕགས་པ་འཇམ་དཔལ་གྱི་སྔགས་ཡི་གེ་འབྲུ་གཅིག་པའི་ཆོ་ག། ཏདྱ་ཐཱ། ཨོཾ་ཀྵཱི། གསང
496a4 སྔགས་ཡི་གེ་འབྲུ་གཅིག་པ་འདི་ནི་རབ་ཏུ་གསང་བ་སྟེ། དོན་ཐམས་ཅད་སྒྲུབ་པར་བྱེད་པ། ལས་ཐམས་ཅད་བྱེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ། རེ་བ
496a5 ཐམས་ཅད་ཡོངས་སུ་སྐོང་བར་མཛད་པ་སྟེ། སོ་ཤིང་ལ་བསྔགས་ནས་བཅངས་ན་སོ་ན་བ་མི་འབྱུང་ངོ་།། མིག་ན་བ་ལ་རྒྱ་མ་ཚྭ་བཏགས་པ་ལ་ལན་བདུན་བསྔགས་ཏེ་མིག་བཀང་ན་མིག
496a6 ནད་སེལ་ཏོ། ། མིའི་ཁོང་དུ་མཚོན་གྱི་དུམ་བུ་ལུས་པ་ལ་ཞུན་མར་རྙིང་པ་ལ་ལན་བདུན་ནམ་བརྒྱ་རྩ་བརྒྱད་བསྔགས་ཏེ། བླུད་པ་འམ་རྨ་ཁར་བསྐུས་ན་མཚན་གྱི་དུམ་བུ་འབྱུང་བར་འགྱུར་རོ།།
496a7 ཟས་མ་ཞུ་བ་དང་། སྤོས་ཏེ་གསུང་པ་དང་། ཚད་པས་འཁྲུ་བ་ལ་མུ་རང་ཚྭ་འམ། རྒྱམ་ཚྭའམ། ཡང་ན་ལན་ཚྭ་གཞན་གང་ཡང་རུང་བ་ལ་ལན་བདུན་བསྔགས་ཏེ་ཟོས་ན་ནད་དེ་ལས




iiif viewer powered by OpenSeadragon

495b - 496b

Texts on this page

S509 - rje btsun 'phags pa 'jam dpal gyi shes rab dang blo 'phel ba zhes bya ba'i gzungs
S510 - 'phags pa 'jam dpal gyi sngags yi ge 'bru gcig pa'i cho ga