e-texts navigator
Collection
Volume
Page
Wylie

475a1 པ་ཐམས་ཅད་ལ་ཞུགས་པ་དང་། བྱང་ཆུབ་ཀྱི་ལམ་དང་། ཐམས་ཅད་ཤེས་པ་དང་། ཆོས་ཀྱི་དབྱིངས་ལ་འཇུག་པ་དང་། འཕགས་པ་འཇམ
475a2 དཔལ་གྱི་སྐུ་ལ་གནས་པར་འདོད་པ་རྣམས་ཀྱིས་རིག་པའི་རྒྱལ་པོ་མཆོག་ཏུ་གསང་བ། གཞོན་ནུ་ཁྱོད་ཀྱི་རྩ་བའི་ཆོ་གའི་ལེའུ་རབ་འབྱམས་འཆི་བའི་དུས་ཀྱི་ཚེའང་འདི་དྲན་པར་བྱའོ།།
475a3 དེ་གང་ཞེ་ན། ན་མཿསྟྲཻ་ཡ་དྷྱ་ཏ་ཐཱ་ཏ་བྷོ། ཨརྷ་ཏེ་བྷྱཿ། སམྱ་ཀ་སི་བུདྡྷེ་བྷྱཿོཾ་ཀུ་མཱ་ར་རཱུ་པི་ཎི། བི་ཤྭ་སཾ་བྷ་བ། ཨཱ་གཙྪ་ཨཱ་གཙྪ། ལ་ཧུ་ལ་ཧུ། བྷུཾཌྦྷྱཱཾ། ཛི་ན་ཛིཿ
475a4 མཉྫ་ཤྲཱི་ཡ། སུ་ཤྲཱི་ཡ། ཏཱ་ར་ཡ་མཱཾ། སརྦ་དུཿཁ་བྷྱཿཕཊ་ཕཊ། ཤ་མ་ཡ་ཤ་མ་ཡ། ཨ་མྲྀ་ཏོད་བྷ་བ། བཱ་པཾ་མེ་ནཱ་ཤ་ཡ་སྭཱཧཱ། འཇམ་དཔལ་འདི་ནི་ཁྱོད་ཀྱི
475a5 སྙིང་པོ་དམ་པ་ཡིན་ཏེ། ཞི་བ་ཐམས་ཅད་བྱེད་པ། སྡིག་པ་ཐམས་ཅད་ཟད་པར་བྱེད་པ། སྡུག་བསྔལ་ཐམས་ཅད་ལས་རབ་ཏུ་གྲོལ་བར་བྱེད་པ། ཚེ་དང་། ནད་མེད་པ
475a6 དང་། དབང་ཕྱུག་དང་། སྐལ་བ་བཟང་པོ་མཆོག་དང་། ངག་གི་དབང་ཕྱུག་སྐྱེད་པར་བྱེད་པ། རིག་པའི་རྒྱལ་པོ་ཐམས་ཅད་གཟེངས་བསྟོད་པར་བྱེད་པ། སངས་རྒྱས
475a7 བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འདི་གསུངས་མ་ཐག་ཏུ་ས་ཆེན་པོ་རི་དང་རྒྱ་མཚོ་དང་བཅས་པ། སེམས་ཅན་དང་སྣོད་ཉེ་བའི་མཐར་ཐུག་པ་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་པར་གྱུར་ཏེ




iiif viewer powered by OpenSeadragon

474b - 475b

Texts on this page

S503 - 'phags pa 'jam dpal gyi rtsa ba'i rgyud