e-texts navigator
Collection
Volume
Page
Wylie

473a1 ཆོས་འདི་ནི་ཐུབ་པ་མཆོག་དང་། ཐུབ་པའི་སྲས་བློ་དང་ལྡན་པ་མ་ཡིན་ནོ་ཞེས་རབ་ཏུ་སྤོང་བར་བྱེད་དོ།། མི་དེ་དམྱལ་བར་འགྲོ་འགྱུར་ཞིང་།། དེ་ཉམས་ནས་ནི་དུང
473a2 འགྲོར་འགྲོ། ། ཐིག་ནག་དང་ནི་ཡང་སོས་དང་།། སྤུ་གྲི་སོ་དང་མེ་མ་མུར།། རོ་མྱགས་ཆུ་བོ་རབ་མེད་སྐྱེ།། དེ་ནས་ཕྱིར་ཡང་སྤུ་གྲིས་སོ།། ལོ་མ་རལ་གྲི་ལྟ་བུའི་ནགས།། ཡང་ན་གྱི
473a3 ཧུད་ཟེར་དེ་བཞིན། ། འཇིག་རྟེན་གྲགས་པ་སོ་ཐམ་ཐམ།། སྡིག་པའི་ལས་ཀྱིས་དམྱལ་བ་རུ།། གང་གིས་ཆོས་ནི་སུན་བྱེད་པ།། དེས་ནི་སྐྱེབོ་དེ་དག་འགྲོ།། འཇིག་རྟེན་སྤང
473a4 པར་རབ་བསྟན་པ། ། མི་བཟང་མནར་མེད་པ་ཞེས་བྱ།། མ་དང་སེམས་ཀྱིས་ཆོས་སྤངས་པ།། སྡིག་པའི་ལས་ཅན་གནས་ཡིན་ཏེ།། གང་ཞིག་ཆོས་ནི་འདི་འཇིག་པ།། དེ་ལ་སྐྱེའོ
473a5 དེ་འཚེད་འགྱུར། ། ཀུན་གྱི་མཐར་ཐུག་མནར་མེད་པ།། དེ་ཉམས་དེ་བཞིན་དམྱལ་ཆེན་སྐྱེ།། དམྱལ་བའི་ས་མཐའ་མཐའ་ཡས་པར།། རྟག་ཏུ་བློ་མེད་དེ་ནི་འགྲོ།། མདོ་སྡེ་དེ་ནི་རྒྱ་ཆེར་བཅས།།
473a6 ། ཆོས་ཀྱི་ནོར་ཀུན་རབ་སྤངས་ནས།། དེ་ནི་འཇིག་རྟེན་ངན་པར་འགྲོ།། དབང་མེད་རྟག་པར་དབང་དུ་འགྲོ།། གང་ཞིག་མདོ་སྡེའི་ཆོ་ག་འདི།། སྔགས་དང་རྒྱུད་ཀྱིས་ལེགས་པར་བརྒྱད།། གྲུབ
473a7 པ་སྣ་ཚོགས་བརྒྱ་རྣམས་འཐོབ། ། ཡང་དག་མཐའ་ནི་སྒྲིབ་པ་མེད།། ཆོས་ཀྱི་དབྱིངས་ཀྱི་སྐུ་ཉིད་ཡིན།། དམིགས་སུ་མེད་པའི་ངོ་བོ་ཉིད།། ཆོ་ག་ཆོ་ག་རྒྱ་ཆེན་བཅས།། ལེའུ་རབ་འབྱམས




iiif viewer powered by OpenSeadragon

472b - 473b

Texts on this page

S503 - 'phags pa 'jam dpal gyi rtsa ba'i rgyud