e-texts navigator
Collection
Volume
Page
Wylie

471b1 དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པས་སྔགས་འདི་སྨྲས་མ་ཐག་ཏུ་ས་ཆེན་པོ་འདི་རི་དང་རྒྱ་མཚོའི་མཐར་ཐུག་པ་དང་བཅས་པ་རྣམ་པ་དྲུག་ཏུ་གཡོས་ཏེ། སངས་རྒྱས
471b2 བཅོམ་ལྡན་འདས་ཐམས་ཅད་ཀྱི་ཞིང་མཐའ་ཡས་པ་འཇིག་རྟེན་གྱི་ཁམས་ཀྱི་ཕྱོགས་ཀྱི་མཐར་ཐུག་པ་ཐམས་ཅད་དང་བཅས་པའང་རབ་ཏུ་འགུལ་བར་གྱུར་ཏོ། ། སངས་རྒྱས་བཅོམ
471b3 ལྡན་འདས་ཐམས་ཅད་ཀྱིས་ཀྱང་སྔགས་ཀྱི་ཚིག་འདི་དག་བྱིན་གྱིས་བརླབས་སོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འཇིགས་པ་དང་བྲལ་ནས་པ་སྤུ་ལངས་ཏེ་ངོ་མཚར་རྨད་དུ་བྱུང་ཐོབ་ནས།
471b4 མིག་གཉིས་ཕྱེ་སྟེ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་བཏུད་ནས་ལན་གསུམ་བསྐོར་བ་བྱས་ཤིང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་མངོན་དུ་བལྟས
471b5 ནས་སྔགས་ཀྱི་ཚིག་དེ་དག་བཟུང་སྟེ་ཡིད་ལ་བྱས་ནས་ཕྱིར་ཡང་ཤིང་རྟ་ལ་ཞོན་ནས་ལྷ་མ་ཡིན་ག་པ་ཡིན་པདེ་ལེགས་སུ་ཕྱིར་པར་གྱུར་ཏོ། ། དེ་ནས་ལྷ་མ་ཡིན་ཐམས་ཅད་རྒྱ་མཚོ་ཆེན་པོའི་མཐའི
471b6 འགྲམ་དུ་གང་རང་གི་གྲོང་ཁྱེར་གང་ཡིན་པ་དེར་མངོན་དུ་ཕྱོགས་ཤིང་སོང་བར་གྱུར་ཏེ། སེམས་ཞུམ་ཞིང་ཉམས་ལ་དཔུང་གི་འཇིགས་པས་སེམས་དཀྲུགས་ཤིང་གདོང་གི་མདོག
471b7 ཉམས་ཤིང་ང་རྒྱལ་དང་དྲེགས་པ་ལ་སོགས་པ་དང་བྲལ་བར་གྱུར་ལ། མཚོན་ཆ་དང་བྲལ་ཞིང་རི་འབིགས་བྱེད་འབར་བ་བཞིན་དུ་ལྷའི་དབང་ཕྱུག་དེ་མཐོང་ནས་བྱེར་བར་གྱུར་ཏོ།། དེ




iiif viewer powered by OpenSeadragon

471a - 472a

Texts on this page

S503 - 'phags pa 'jam dpal gyi rtsa ba'i rgyud