e-texts navigator
Collection
Volume
Page
Wylie

470b1 གཞོན་ནུ་ལས་ནི་སྣ་ཚོགས་པས།། རྣམ་པ་དུ་མའི་གཟུགས་དང་ལྡན།། བདག་ཉིད་ཆེན་པོ་འཇམ་པའི་དབྱངས།། ས་བཅུའི་བདག་པོའི་བདག་པོ་ནི།། མཐོང་བ་ཙམ་གྱིས་འཇིགས
470b2 པར་བྱེད། ། རྒྱལ་རིགས་རྒྱལ་པོ་ཆེན་པོ་ནི།། འཇིག་རྟེན་ས་སྲུངས་ས་གནས་པ།། དད་ལྡན་ཡིད་གཉིས་ཐེ་ཙོམ་ནི།། རྣམ་བྲལ་ཆོས་ལ་མཉེས་གཤིན་པ།། བདེ་བར་གཤེགས་ལ་དད
470b3 བསྐྱེད་ནས། ། སྙིང་རྗེས་བརླན་པའི་ཡིད་ཀྱིས་ནི།། འདིར་བཤད་འདི་དག་བྱ་བ་ནི།། གྲུབ་པར་འདོད་པས་རབ་ཏུ་བྱས།། ཆོ་གའི་སྦྱོར་བའི་སྔགས་དང་ནི།། རྒྱུད་དང་ལྡན་པ་ས་སྟང་དུ།།
470b4 ཆོས་དབྱིངས་ཚོགས་པའི་རྒྱལ་བ་ཡིས།། གསུང་རབ་འདི་དག་ངེས་པར་བསྟན།། ཆོས་ཀྱི་དབྱིངས་དང་མཉམ་གནས་པའི།། རྒྱལ་མཆོག་སྔ་མ་གྲངས་མེད་པས།། ས་ཡི་སྟེང་གི་མི
470b5 རྣམས་ལའང་། ། ཆོས་ཀྱི་མཛོད་ནི་གསུངས་པ་ཡིན།། ལྷ་དང་ལྷ་མིན་སྔོན་ཡུལ་འཐབ།། ཕ་རོལ་འཇིགས་པ་བྱུང་བ་ན།། གང་ཚེ་བརྒྱ་བྱིན་སྔོན་གྱུར་པ།། དཔུང་ནི་ཕམ་བྱས་ཞེ
470b6 སྡང་བས། ། དེ་ཚེ་གཅིག་ཏུ་སོང་ནས་ནི།། ས་སྟེང་རྣམ་པར་དུ་བར་གྱུར།། རྒྱལ་མཆོག་འོད་སྲུངས་དེ་ལ་ནི།། ཐུབ་པ་མཆོག་ལ་དེ་ཚེ་ཞུས།། ཇི་ལྟར་བྱ་ཞེས་ཚིག་ཏུ་ནི།། བ་དེ་སོགས
470b7 བདག་པོས་རྣམ་པར་སྨྲས། ། མི་བཟང་ལྷ་མིན་གྱིས་ཕམ་ནས།། བདག་ཀྱང་འདིར་ནི་ཡང་དག་ལྷགས།། དེ་སྐད་བཅོམ་ལྡན་གསོལ་ནས་ནི།། ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས།། དེ




iiif viewer powered by OpenSeadragon

470a - 471a

Texts on this page

S503 - 'phags pa 'jam dpal gyi rtsa ba'i rgyud