e-texts navigator
Collection
Volume
Page
Wylie

470a1 རོ་ལངས་སྔགས་ཀྱི་སྒྲུབ་པ་དང་།། མཚོན་གྱིས་ཀྱང་ནི་གནོད་མི་འགྱུར།། གཞན་གྱིས་གནོད་བྱེད་གཙོར་བྱེད་པས།། ས་སྟེངས་འཇིག་རྟེན་གནོད་མི་བྱེད།། ཆོམ
470a2 རྐུན་ནད་ནི་གཞན་དག་དང་། ། མེ་ཡི་འཇིགས་པ་དེ་ལ་མེད།། རྒྱལ་པོ་སྐྱེས་པོ་དག་ཀྱང་རུང་།། སུ་ཞིག་དེ་ལ་མཆོད་མི་བྱེད།། གང་ཞིག་མདོ་སྡེ་དཀོན་མཆོག་འདི།། འཆང་དང་ཀློག
470a3 པའང་དེ་བཞིན་ནོ། ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས།། དབང་བསྐུར་ཡུལ་དུ་ཉེར་གནས་ཚེ།། མདོ་སྡེ་མགོ་ལ་ངེས་བཅིངས་ནས།། ཡང་དང་ཡང་དུ་ཕྱག་འཚལ་ན།། དེ་ལ་རྐུན་པོས་མོ
470a4 གནོད་ཅིང་། ། མཚོན་གྱིས་དེ་ལ་འཕོག་མི་འགྱུར།། གཞོན་ནུའི་གཟུགས་སུ་ཡང་དག་བྱུང་།། རྨ་བྱའི་གདན་ལ་ལེགས་བཀོད་པ།། གླང་པོའི་འཚོགས་མའི་སྟེང་བཞག་ནས།།
470a5 གཡུལ་དུ་ཡང་དག་ཞུགས་བྱས་ན།། སྐྱེ་བོ་རྣམ་སྡང་དེ་དག་ཀུན།། མཐོང་བ་ཙམ་གྱིས་ལྡོག་པར་བྱེད།། བྱིས་པའི་གཟུགས་ཅན་བཟང་པོ་ནི།། གཞོན་ནུ་རྒྱལ་གྱིས་ཡོངས་སུ་བརྒྱན།། །
470a6 གསེར་དང་དངུལ་དང་ར་གན་གྱིས།། རྒྱལ་མཚན་ཡུ་བ་བསྒྲེང་བ་ལ།། དེ་ཡི་ཚེ་ན་འཇུག་པར་བྱ།། རྒྱལ་མཚན་བ་དན་བཏགས་ནས་ནི།། ལེགས་དགོད་ལེགས་པར་མཉམ་པར་བཞག།
470a7 གཡུལ་དུ་དགྲས་ནི་ལེགས་གང་བ།། མཚོན་ཆ་སྣ་ཚོགས་ཐོགས་བྱེད་པ།། ཐམས་ཅད་གཡུལ་དུ་འདུས་པ་ལས།། དེ་ཡི་ཚེ་ན་འཇུག་པར་བྱ།། རྒྱལ་མཚན་བསྒྲེང་ལ་གནས་པ་ཡི།།




iiif viewer powered by OpenSeadragon

469b - 470b

Texts on this page

S503 - 'phags pa 'jam dpal gyi rtsa ba'i rgyud