| | e-texts navigator
|
469b1 ཡི། ། གྲངས་མེད་སེམས་ཅན་མ་ལུས་པ།། ཐམས་ཅད་ནད་ནི་མེད་བྱས་ཏེ།། སྐྱེ་བོ་གང་ཞིག་ཡང་དང་ཡང་།། བཀུར་སྟིར་བྱས་ནས་དེ་མཆོད་པ།། ཆོས་མཆོག་འདི་ལ་མཆོད་ན
469b2 ནི། ། བློ་ལྡན་དེ་ཡིས་བསོད་ནམས་ཐོབ།། བསྐལ་པ་བྱེ་བ་མཐའ་ཡས་པར།། རྒྱལ་བ་མཆོག་གིས་རྟག་པར་ཡང་།། འཇིག་རྟེན་མགོན་ཆོས་མཛད་མཆོག་འདི།། མཆོད་པར་ཡང
469b3 ནི་མི་ནུས་སོ། ། ཆོས་མཆོག་འདི་ནི་ས་སྟེང་དུ།། ཡིད་བཞིན་ནོར་བུ་རིན་ཆེན་འདྲ།། འཇམ་དཔལ་ཆོ་ག་འདིར་གསུངས་པ།། ཀློག་པ་དང་ནི་འཆད་པ་ཡིས།། དེས་ནི་འདོད་འཇོའི
469b4 བབ་འདྲར་འགྱུར། ། ལོངས་སྤྱོད་ཆེ་ནེར་ཕུན་སུམ་ཚོགས།། ཡིད་ནི་སྐྱོ་བ་མེད་བྱས་ནས།། ས་སྟེངས་འདི་ནི་རབ་ཏུ་སྒྲུབ།། སྔགས་དང་རྒྱུད་དོན་དྲང་བའི་དོན།། དོན་ཡོད་ཚིག་ནི་རབ
469b5 བཤད་པ། ། བྱ་བ་དུས་ལ་བརྟེན་ནས་ནི།། ས་སྟེང་རིག་པ་འཛིན་སྒྲུབ་ནི།། རིན་ཆེན་ཕུན་ཚེགས་རབ་གང་བ།། དེ་ཡི་ཕྱོགས་ཀུན་དག་ཏུ་གསུངས།། འབྲས་བཅས་འགྲོ་བའི་བདག
469b6 ཉིད་ཆེ། ། སྤྱོད་པ་བཟང་བར་བརྗོད་པ་ཡིན།། གང་ཞིག་རོག་མཆོག་འདི་ལས།། རྒྱལ་པོ་སྔགས་གཅིག་འཆང་བྱེད་པ།། རྒྱལ་སྲིད་ཕུན་ཚོགས་འདོད་བཅས་ཏེ།། ཚེ་རིང་ཕུར
469b7 སུམ་ཚོགས་པོར་འགྱུར། ། རྣམ་པ་སྣ་ཚོགས་ལོངས་སྤྱོད་ཚོགས།། རྒྱལ་མཆོག་དམ་པས་ཐོབ་པར་འགྱུར།། འགྲོ་དང་གནས་པའི་དུག་དག་དང་།། གཞན་གྱིས་བྱས་པའི་རིག་པ་དང་།།
iiif viewer powered by OpenSeadragon
469a - 470a