| | e-texts navigator
|
469a1 ལྡན་པ་ཡི། ། འཁོར་བའི་སྡུག་བསྔལ་ལྟུང་བ་རྣམས།། བདེ་བ་ནི་པ་མྱ་ངན་འདས།། མི་གཡོ་གོའང་ཐོབ་པར་འགྱུར།། རྒྱལ་སངས་རྒྱས་ཉིད་དང་ནི།། 1
469a2 ཐོས་མཐར་ནི་ཕྱིན་པར་འགྱུར། ། མདོ་སྡེ་འདི་ནི་བཀླགས་པ་ཡིས།། སངས་རྒྱས་སྐུ་མདོག་ཐོབ་པར་འགྱུར།། གངྒཱའི་བྱེ་མ་མཉམ་པ་ཡི།། རྒྱལ་བ་མཆོག་ནི་མཐའ་ཡས་པ།།
469a3 མཆོད་པ་ཐོབ་པའི་བསོད་ནམས་དང་།། མདོ་འདི་བཏོན་པའི་བསོད་ནམས་མཉམ།། འཇིག་རྟེན་ཇི་སྙེད་གང་སུ་དག། ཞིང་ནི་བྱེ་བ་མཐའ་ཡས་པ།། དེ་སྲིད་ཕྲ་རབ་རྡུལ་སྙེད་ཀྱི།།
469a4 སངས་རྒྱས་རྣམས་ལ་རྟག་མཆོད་པ།། རྣམ་པ་སྣ་ཚོགས་བཟའ་བཏུང་དང་།། ན་བ་རྣམས་ཀྱི་གསོས་སྨན་དང་།། རྣམ་པ་སྣ་ཚོགས་གནས་མལ་རྣམས།། རྟག་ཏུ་ཐམས་ཅད
469a5 རབ་སྦྱིན་དང་། ། རྣམ་པ་སྣ་ཚོགས་གོས་དང་ནི།། ཕྱེ་མ་དག་ནི་ཀུན་གྱིས་ཀྱང་།། བསོད་ནམས་སྐྱེ་བོས་ཐོབ་གང་ཡིན།། འདི་དག་འཆང་དང་ཀློག་པས་སོ།། གང་ཞིག་རང་སངས
469a6 རྒྱས་རྣམས་དང་། ། འཇིག་རྟེན་ཉན་ཐོས་རྫུ་འཕྲུལ་ཆེ།། བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ།། ས་བཅུ་ལ་གནས་དེ་ལས་གཞན།། དེ་རྣམས་ཚད་ནི་དེ་མཉམ་ལ།། དེ་དག
469a7 མཆོད་པའང་དེ་བཞིན་ཏེ། ། གང་གི་ལག་པ་གླེགས་བམ་ཆུད།། མི་ཡིས་དེ་མཉམ་བསོད་ནམས་ཐོབ།། འཇིག་རྟེན་ཇི་སྙེད་བསྟན་པ་ཡང་།། འཇིག་རྟེན་ཁམས་ན་གནས་པ
iiif viewer powered by OpenSeadragon
468b - 469b