| | e-texts navigator
|
468a1 ཅན་འདི་དག་ལ་བསྟན་པར་བྱ་ཡི། གཞན་དག་ལ་ནི་མ་ཡིན་ནོ།། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག
468a2 པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་བ་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ
468a3 གྲངས་འདིའི་མོ་ང་ཅི་ཞེས་བྱ། ། འདི་དག་གིས་ཇི་ལྟར་གཟུང་བར་གྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་བྱང་ཆུབ་སེམས
468a4 དཔའི་སྡེ་སྣོད་ཅེས་བྱ་བར་ཡང་ཟུང་ཞིག། ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་མན་ངག་ལེགས་པར་བསྟན་པའི་ལེའུ་ཞེས་བྱ་བར་ཡང་ཟུང་ཞིག། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྗེས་སུ
468a5 འཇུག་པ་རྒྱུད་ཐམས་ཅད་ཀྱི་མཛོད་ཅེས་བྱ་བར་ཡང་ཟུང་ཞིག། ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པ་ངེས་པར་བསྟན་པ་ཉམས་པ་མེད་པ་ཞེས་བྱ་བར་ཡང་ཟུང་ཞིག། བྱང་ཆུབ་སེམས་དཔའི
468a6 སྡེ་སྣོད་ཅེས་བྱ་བར་ཡང་ཟུང་ཞིག། འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞེས་བྱ་བར་ཡང་ཟུང་ཞིག། ཆོས་ཐམས་ཅད་ཀྱི་དོན་རྫོགས་པ་ངེས་པར་བསྟན་པ་ཞེས་བྱ་བར་ཡང
468a7 ཟུང་ཞིག། འཇིག་རྟེན་མ་ལུས་ཐམས་ཅད་ལ།། ཆོས་དང་ཆོས་མིར་རྣམ་སྤོང་ཅིང་།། བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ།། གང་ཁྱོད་ཀུན་ཏུ་རྣམ་པར་རྒྱུ།། དེ་བཞིན་ཆོས་ཀྱི་དམ་པ
iiif viewer powered by OpenSeadragon
467b - 468b