e-texts navigator
Collection
Volume
Page
Wylie

466a1 ཟེ་འདི་དག་བསྟན་པ་ནི། ། སྟོན་པའི་བསྟད་པ་མཆོད་བྱེད་པའོ།། ཐོག་མ་པར་མཐའ་གཙོ་བོ་སྟེ།། རྣམ་པ་སྔ་ཚོགས་གནས་དང་རིགས།། སྣ་ཚོགས་ཕྱོགས
466a2 ཀྱི་བྲམ་ཟེ་རྣམས། ། བྲམ་ཟེ་གཞར་གྱིས་མཆེད་པར་བྱེད།། མུ་སྟེགས་སྣ་ཚོགས་རིགས་དང་ནི།། རྣམ་པ་སྣ་ཚོགས་སྤྱོད་ཡུལ་སྤྱོད།། གནས་ནི་ཀུན་ཏུ་གསུངས་པ་སྟེ།། བྲམ་ཟེའི
466a3 ཁྱེའུ་མང་ཐོས་ཡིན། ། རང་བྱུང་སངས་རྒྱས་ཆོས་ཀྱི་རྒྱལ།། སེམས་ཅན་ཀུན་གྱི་དོན་སྒྲུབ་པ།། སེམས་ཅན་རྣམས་ནི་མེ་ལུས་དང་།། ལྷ་གནས་ཀྱིས་ཀྱང་མཆོད་པའོ།། རྒྱལ་པོ་ཆེན
466a4 པོ་བཞི་པོ་ཡང་། ། འཇིག་རྟེན་ཀུན་ལ་གྲགས་པ་སྟེ།། འཕགས་སྐྱེས་པོ་དང་མིག་མི་བཟང་།། ཡུལ་འཁོར་སྲུང་དང་གནོད་སྦྱིར་རྒྱལ།། བརྒྱ་བྱིན་དེ་ནས་ལྷ་རྣམས་ཀྱིས།། ངེས
466a5 པའི་ཆེར་ནི་རབ་ཏུ་བསྒྲགས། ། འཐབ་བྲལ་ལྷ་ཡི་བུ་དང་ནི།། འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་དང་།། རྒྱལ་པོ་དགའ་ལྡན་གསུངས་པ་དང་།། འདོད་པའི་ཁམས་ཀྱི་དབང་ཕྱུག
466a6 མཆོག། གཅིག་གི་མིང་ནི་བརྒྱ་བྱིན་སོགས།། དེ་བཞིན་འདོད་ཁམས་དབང་ཕྱུག་ཡིན།། དེ་ཡང་རྟག་ཏུ་གཅིག་གནས་ཏེ།། རྫུ་འཕྲུལ་ཆེན་པོ་གཅིག་གི་གཟུགས།། དེ་ཡང་མཐའ
466a7 ཡས་དག་ཏུ་བསྟན། ། རྣམ་པ་སྣ་ཚོགས་གཟུགས་འཆང་ལྷ།། དེ་ལས་གོང་དུ་ཐམས་ཅད་མཉམ།། དེ་ཡང་ཐམས་ཅད་རྫུ་འཕྲུལ་ཆེ།། ལྷ་ཡི་གཙོ་བོ་མིང་གཅིག་སྟེ།། འདུ




iiif viewer powered by OpenSeadragon

465b - 466b

Texts on this page

S503 - 'phags pa 'jam dpal gyi rtsa ba'i rgyud