e-texts navigator
Collection
Volume
Page
Wylie

465a1 གྲུབ་དང་དྲེགས་བྲལ་དང་། ། ར་ཟླ་བ་དང་དམངས་རིགས་དང་།། དེ་བཞིན་ཀ་ཤིར་སྐྱེས་པ་གཞན།། གཞོན་ནུ་འདི་ཡི་བཟླས་པ་ལ།། ཐམས་ཅད་ཀུར
465a2 ཡང་འབྱུང་བར་འགྱུར། ། དེ་དག་ཀུན་ཀྱང་བཟང་པོ་སྟེ།། བློ་ལྡན་མང་དུ་ཐོས་པ་ཡིན།། དེ་ཀུན་སྔགས་ནི་སྔོན་དུ་གྱུར།། རྒྱལ་པོའི་འཚེ་བས་ཡང་དག་གནས།། དེ་འོག་རྣམ
465a3 པར་གྲགས་པ་ནི། ། བྲམ་ཟེ་དང་པོའི་ཡི་གེ་བི།། གྲོང་ཁྱེར་མེ་ཏོག་ཅེས་བྱ་བར།། དེ་ནི་ཁྲོ་བོ་གྲུབ་པར་གྱུར།། དབུལ་བས་ཡོངས་སུ་ཟིལ་མནན་པ།། རྒྱལ་པོ་རྣམས་ནི་ཚར
465a4 བཅད་བྱས། ། ཁྲོ་རྒྱལ་གཤིང་རྗེ་གཤེད་དེ་ཡི།། འཇམ་པའི་དཔྱས་ཀྱིས་འདིར་གསུངས་པ།། སེམས་ཅན་མ་རུངས་རྣམས་དང་ནི།། གདུལ་དཀའ་འདུལ་བར་བྱེད་པ་དང་།།
465a5 ཕན་པ་མིན་ལས་བཟློག་དོན་དང་།། ཕན་པ་ཉེ་བར་འཕེལ་ཕྱིར་དང་།། སེམས་ཅན་རྣམས་ནི་རྗེས་གཟུང་དང་།། སེམས་ཅན་སྲོག་འཆད་དགག་ཕྱིར་རོ།། བྲམ་ཟེའི་ཁྱེའུ་རྨོངས་པ་དེ།།
465a6 དབུལ་བ་ཁྲོ་བ་ཆགས་པ་ཡིས།། རྒྱལ་པོའི་སྲོག་ལ་གནོད་པའི་ཕྱིར།། ཁྲོ་བོ་སྔགས་ནི་ཟློས་པར་བྱེད།། དེ་འོག་རྣམ་པར་གྲགས་པ་ནི།། བྲམ་ཟེ་ཡི་གེ་དང་པོ་ཨ།། ཆོས་དོན་དགེ
465a7 བ་ལྡན་བདག་ཉིད། ། བདེན་པར་སྨྲ་ཞིང་དབང་པོ་ཐུལ།། མངའ་བདག་མང་པོས་བཀུར་ཅེས་པ།། དེ་ཚེ་སྔགས་ནི་ཟློས་པར་འགྱུར།། སྔགས་རི་སྒྲུབ་པར་གྱུར་པ་ལ།། དབང་འགྱུར




iiif viewer powered by OpenSeadragon

464b - 465b

Texts on this page

S503 - 'phags pa 'jam dpal gyi rtsa ba'i rgyud