| | e-texts navigator
|
463a1 སྔགས་ནི་སྒྲུབ་པ་དང་། ། མཐའ་ཡས་ཡུལ་ལ་གནས་པ་དག། མཐའ་ཡས་སྔགས་ནི་ཡོངས་སུ་གྲུབ།། ཐུབ་པའི་བསྟན་པ་ནུབ་པ་ན།། ཚར་གཅད་རྗེས་སུ
463a2 གཟུང་བར་བྱས། ། དུས་སུ་རྒྱལ་པོ་དག་ལ་སྔགས།། འཇམ་དཔལ་གྱིས་ནི་གསུངས་པ་ཡིན།། རྫུ་འཕྲུལ་རྩེ་དང་རྣམ་འཕྲུལ་དང་།། འདིར་ནི་དུས་ཀྱི་སྤྱོད་པའང་བསྟན།།
463a3 སྔགས་ཀྱི་བདག་ཉིད་སེམས་ཅན་གྱི།། འགྲོ་བ་སྐྱེ་གནས་རྒྱལ་པོའི་མིང་།། སྔགས་ནི་སྒྲུབ་པར་འདོད་རྣམས་ལ།། ཡུལ་དང་དུས་ནི་ཡང་དག་བསྟན།། བསྟན་པ་ནུབ་པའི་འོག་ཏུ
463a4 ནི། ཞར་ལ་རྒྱལ་པོ་རྣམས་ཀྱིས་བསྟན།། ཡོན་ཏན་བདག་ཉིད་ཆེ་སྔགས་རྣམས།། ཐ་མར་འབྲས་བུ་རྟོགས་པར་བྱས།། རྒྱལ་པོ་གཞན་ནི་ཐེག་པ་དང་།། སྔོན་ནི་འགལ་བ་མེད
463a5 པར་བསྟན། ། དུས་ཀྱི་ཐ་མ་དེ་དུས་སུ།། རབ་ཏུ་གནས་པར་ཐེ་ཙོམ་མང་།། དེ་དག་ཕྱོགས་ལ་གནས་པར་ནི།། རྒྱལ་པོ་ཐམས་ཅད་གསུངས་པ་ཡིན།། དེ་བཞིན་ཤཱཀྱའི་གསུངས་རབ
463a6 ལ། ངེས་པར་རབ་བྱུང་གནས་ནས་ནི།། འཇིག་རྟེན་མིག་གཅིག་གྱུར་པ་ཡི།། ཐུབ་པ་མཆོག་ནི་མེད་པ་ན།། རྟག་ཏུ་སྔགས་སྨྲ་ལ་དད་པས།། བསྟན་པའི་དོན་ནི་བྱེད་པར་འགྱུར།།
463a7 དེ་དག་གཞོན་ནུ་བཤད་པར་བྱ།། རྩེ་གཅིག་ཡིད་ཀྱིས་མཉན་པར་གྱིས།། སྟོན་པའི་གསུང་རབ་ས་སྟང་དུ།། དུས་མཐའ་འཇིག་རྟེན་ཉམས་པ་ན།། སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས
iiif viewer powered by OpenSeadragon
462b - 463b