| | e-texts navigator
|
462b1 དེ་བཞིན་བྲན་པོའི་ཚོགས་ཀུན་དང་།། ཕོ་ཉའི་ཚོགས་ཀུན་དུ་མ་དང་།། རྡོ་རྗེ་པདྨའི་རིགས་དག་ཀྱང་།། རྒྱུད་རྣམས་ཀུན་གྱི་དོན་རིག་པས།། བསྒྲུབས་མ་གྲུབ་པར་འགྱུར་བ་ཡིན།། འཇིག
462b2 རྟེན་ཀུན་གྱི་སྔགས་དག་ནི། ། ཡུལ་གྱི་དབུས་དེར་འགྲུབ་པར་འགྱུར།། དབུས་ཡུལ་གནས་པར་བྱུང་བར་དུ།། རྒྱལ་བས་གསུངས་པར་འསྒྲུབ་པར་བྱ།། རྣམ་པ་སྣ་ཚོགས་རྟགས་དང་ནི།།
462b3 རྣམ་པ་སྣ་ཚོགས་རྒྱུད་དག་དང་།། རྣམ་པ་སྣ་ཚོགས་སྦྱོར་བར་ལྡན།། ལུས་ཅན་རྣམ་པ་སྣ་ཚོགས་འགྲུབ།། དབུས་ཀྱི་ཡུལ་དུ་དེ་བཞིན་སྔགས།། ལོངས་སྤྱོད་འཕེལ་བ་བསྒྲུབ་པར
462b4 བྱ། ། དེ་བཞིན་ལུས་ཅན་སྲུང་དོན་དང་།། སྐྱོབ་དང་དབང་དང་དགུག་པ་འགྲུབ།། དབུས་ཀྱི་ཡུལ་དུ་མ་ཡི་བདག། འདས་དང་མ་འོངས་རབ་ཏུ་གསུངས།། རྣམ་པ་སྣ་ཚོགས་རྟགས
462b5 དང་ནི། ། རྣམ་པ་སྣ་ཚོགས་ཚེ་དང་རིགས།། རྒྱལ་པོ་ཐམས་ཅད་གསུངས་པ་ནི།། མཆོག་དང་ཐ་མ་བར་མ་ཡིན།། དེ་བཞིན་རྣམ་གསུམ་གྲུབ་པ་སྟེ།། དུས་ཀྱང་གསུམ་དུ་སྦྱར་བར་བྱ།།
462b6 དེ་བཞིན་སྔགས་ཀྱང་རྣམ་གསུམ་དུ།། དེ་བཞིན་ཐུབ་པ་མཆོག་གིས་གསུངས།། རྒྱལ་པོ་མཐའ་ཡས་གསུངས་པ་ནི།། དབུས་ཀྱི་ཡུལ་དང་ནུབ་ཕྱོགས་དང་།། བྱང་ཕྱོགས་དང་ནི་ཤར
462b7 ཕྱོགས་དང་། ། དེ་བཞིན་ཕྱོགས་མཚམས་ཐམས་ཅད་དང་།། རྣམ་པ་བཞི་རུ་མཚོན་པ་ཡི།། གླིང་དག་དེ་བཞིན་ཀུན་ཏུ་ཡང་།། ས་བདག་མཐའ་ཡས་རབ་གསུངས་པ།། མཐའ་ཡས
iiif viewer powered by OpenSeadragon
462a - 463a