| | e-texts navigator
|
462a1 བྱེད་ཅིང་། ། རྣམ་སྡང་བུད་མེད་ལ་བརྐམ་ཆགས།། ས་སྲུངས་སྐྱོན་ནི་རབ་མང་བར།། དེང་ཚེ་དུས་ཀྱི་ཐ་མ་ལ།། ཡུལ་གྱི་དབུས་སུ་མི་ཡི་བདག། འབྱུང་བར
462a2 འགྱུར་བར་ཐེ་ཙོམ་མེད། ། དུས་ཀྱི་ཐ་མར་འདི་དག་ཚེ།། ལོ་ནི་བརྒྱ་དང་ཉི་ཤུ་ཉིད།། དེ་ཡི་ཚེ་ན་མི་རྣམས་ཀྱི།། ཚེ་ནི་རིང་བར་རབ་ཏུ་བསྟན།། དེ་དག་བར་མ་བཟང་པོ་ལས།། ཁྱད་པར
462a3 རིང་དང་ཐུང་བ་ཡིན། ། རྒྱལ་པོ་རྣམས་ནི་ཚེ་ཐུང་བར།། དེ་ཚེ་དུས་སུ་བསྟན་པ་ནི།། གངྒཱའི་འགྲམ་གྱི་ངོགས་དང་ནི།། གངས་ཅན་གྱི་ནི་རི་ཞོལ་དང་།། དེ་ཚེ་ཀ་མ་རུ་ཡུལ་དུ།། དེ་འདྲའི
462a4 རྒྱལ་པོ་འབྱུང་བར་འགྱུར། ། དང་པོ་བར་མ་ཐ་མ་ཡི།། རིགས་ཀྱི་ལྷག་མ་བརྗོད་བྱ་སྟེ།། དང་པོའི་གཙོ་བོ་ཆེན་པོ་ནི།། རྣ་ཅན་རྒྱལ་པོར་རབ་ཏུ་བསྒྲགས།། ཐ་མ་ཨང་གའི་བདག་པོ
462a5 དང་། ། དེར་ནི་འབྱོར་བཟང་འབྱོར་པ་དང་།། ལེགས་བྱིན་སྲིད་པ་བྱིན་པ་ནི།། ཀ་མ་རུ་པའི་ཡུལ་དུ་བྱུང་།། ཐ་མར་ལེགས་འབྱོར་གཞོན་ནུ་དང་།། ཡི་གེ་བ་དང་ཐ་གཉིས་ནི།། ཡངས་པ
462a6 ཅན་དུ་ཡང་དག་བྱུང་། ། གང་དུ་ཐུབ་པ་དེ་སྐྱེས་པ།། སེར་སྐྱ་ཞེས་བྱའི་གྲོང་མཆོག་ཏུ།། ཐ་མར་ཟས་གཙང་ཤཱ་ཀ་རིགས་ཀྱི།། ཉི་མ་བུ་རམ་རིགས་སྐྱེས་པ།། ཐ་མར་ཟས་གཙང་རྣམ
462a7 བསྒྲགས་པ། ། ཤཱཀྱ་ཤཱཀྱའི་རྣམ་འཕེལ་བྱེད།། སེམས་ཅན་བརྩོན་འགྲུས་ཆུང་བར་ནི།། འཇིག་རྟེན་སྐྱེས་མཆོག་བསྟན་པ་ཡིན།། གང་ཞིག་རྒྱལ་བས་གསུངས་སྔགས་དང་།
iiif viewer powered by OpenSeadragon
461b - 462b