| | e-texts navigator
|
335a1 ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་བསྟོད་དེ་མལ་སྟན་ལ་འདུག་ཅིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས
335a2 བརླབ་པ་དང་། བླ་ན་མེད་པའི་དངོས་གྲུབ་ཀྱི་མཆོག་བདག་ལ་སྩོལ་ཅིག། རྣམ་པར་འཚེ་བ་ཐམས་ཅད་རབ་ཏུ་ཞི་བར་མཛད་དུ་གསོལ་ཞེས་གསོལ་བའང་གདབ་པར་བྱའོ།། མཚན
335a3 གྱི་དང་པོ་དང་ཐ་མ་ལ་མི་ཉལ་བའི་སྦྱོར་བས་དམ་པའི་ཆོས་འདོན་པ་ལ་སོགས་པ་བྱའོ། ། སྒྲུབ་པ་པོའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེས་དེ་བཞིན་དུ་ཉི་མ་རེ་རེ་ཞིང་སངས་རྒྱས་དང
335a4 བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དང་པོར་ཕྱག་བྱ་བ་དང་། ཉིན་རེ་ཞིང་བདག་ལ་འབུལ་བ་དང་། དེ་བཞིན་དུ་སྡིག་པ་སོ་སོར་བཤགས་པ་དང་། འདས་པ་དང་། མ་བྱོན་པ་དང་།
335a5 ད་ལྟར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་དྷེ་སུ་ཡི་རང་བ་དང་། སེམས་ཅན་ཐམས་ཅད་ལ་རང་གི་བསོད་ནམས
335a6 བསྒྲུབ་པ་དང་། དམ་པའི་ཆོས་ཀྱི་གླེགས་བམ་ལ་ཕྱག་བྱས་ནས་བཅང་བ་དང་། ཀློག་པ་དང་། སྒོམ་པ་དང་། ཟ་ན་མཆོད་པ་བྱས་ནས་དད་པས་སྙིང་པོ་འདི་བཟླ་བར་བྱ་བ་ཡིན་ཏེ།
335a7 རི་འམ། ལྷ་ཁང་ངམ། ཁྱིམ་མམ། ཟང་ཁང་ལ་སོགས་པའི་གནས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ལྷག་པར་དམིགས་ཤིང་བཟླས་པས། སེམས
iiif viewer powered by OpenSeadragon
334b - 335b