| | e-texts navigator
|
332a1 འདུལ་བར་བྱེད། ངེས་པར་སྦྱོང་བར་བྱེད། རབ་ཏུ་སྦྱོང་བར་བྱེད། རྣམ་པར་འཕེལ་བར་བྱེད། དགའ་བར་བྱེད། སོ་སོར་འགོད་པར་བྱེད། རྣམ་པར་གྲོལ་བར་བྱེད།།
332a2 བྱང་ཆུབ་ཀྱི་ཐེག་པ་ལ་ལྷག་པར་འཛེག་པར་བྱེད། མྱུར་དུ་ལྷག་པར་འཛེག་པའི་ས་དང་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཀྱང་སྟོན་པར་བྱེད། མདོར་ན་མཐར་གྱིས་བྱང་ཆུབ་ལ་གཞོལ་ཞིང་སོ་སོར
332a3 འགོད་པར་བྱེད། དགེ་བ་སྒྲུབ་པ་ལ་གནས་པ་སྐྱེད་པར་བྱེད། སྡུག་བསྔལ་དང་ཉོན་མོངས་པ་ཟད་པར་བྱེད། རྣམ་པར་འཇོམས་པར་བྱེད། རྣམ་པར་སེལ་བར་བྱེད། འདྲེན་པར་བྱེད།
332a4 འཇོམས་པར་བྱེད། མདོར་ན་སེམས་ཅན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་མཛད་མའང་བྱེད་པར་འགྱུར་རོ།། རང་གི་སྨོན་ལམ་གྱི་སྟོབས་དང་། བསོད་ནམས་དང་ཡེ་ཤེས
332a5 ཀྱི་སྟོབས་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱི་སྟོབས་ཀྱིས་འདིར་ཡང་སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་དོན་ཡོངས་སུ་མ་ཉམས་པའི་ཆོ་ག་བཤད་པར་བྱ་སྟེ། སྔགས་འཛིན
332a6 པས་དང་པོར་རེ་ཞིག་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་བྱིས་པ་སོ་སོའི་སྐྱེ་བོའི་ས་ལས་འདས་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་རྙེད་པ་འདི་ཉིད་ལ
332a7 བདག་ཉིད་དང་པར་བྱའོ། ། སྒྲུབ་པ་པོའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་སྔ་དྲོ་དང་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་ལ་བདག་ཉིད་དབུལ་བར་བྱ
iiif viewer powered by OpenSeadragon
331b - 332b