| | e-texts navigator
|
331a1 ཀྱིས་བསྐོར་བའི་སེང་གེའི་ཁྲི་ལ་བཞུགས་སོ། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ཆེན་པོའི་རྫུ་འཕྲུལ་གྱི་བྱིན་གྱིས་བརླབས་ཀྱིས
331a2 རྒྱ་ཆེན་པོར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཐོགས་པ་མེད་པ་དོན་ཡོད་པར་གྲུབ་པ་འདི་གསུངས་ཏེ། ན་མསྟྲཻ་ཡ་དྷྭི་ཀཱ་ནཱ་ཏ་ཐཱ་ག་ཏཱ་ནཱཾ། སརྦྦ་ཏྲཱ་པྲ་ཏི་ཧ་ཏཱ་བཱབྷི། དྷམ་ཏྲ
331a3 བཱ་ལི་ནཱཾ། ཨཾ་ཨ། ས་མ་ས་མ་ས་མནྟ་ཏོ།། ཨ་ནནྟ་བཱབྷི། ཤཱ་ས་ནི་ཧ་ར་ཧ་ར། སྨ་རསྨ་རཿ། བི་ག་ཏ་རཱ་ག་བུདྡྷ་དྷརྨ་ཏེ། ས་ར་ས་ར། ས་མ་བ་ལ། ཧ་ས་ཧེ་ས། ཏཱ་ཡ་ཏྲ་ཡ།
331a4 ག་ག་ན་མ་ཧཱ་བ་རཱ་ཎ་ལཀྵ་ཎེ། ཛྭ་ལ་ཛྭ་ལ་ན། སཱ་ག་རེ་སྭཱ་ཧཱ། དེ་ལ་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ། བྱང
331a5 ཆུབ་སེམས་དཔའ་ཐབས་དང་ཤེས་རབ་དང་ལྡན་པ། སྔགས་ཀྱི་སྒོར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་འདིས་ལས་གང་ཞིག་བྱེད་པར་འགྱུར་བ་དེ་ནི་བསྐལ་པ་བརྒྱར་ཡང་དེ་བཞིན
331a6 གཤེགས་པས་བསྟན་པར་མི་སྤྱོད་ཀྱི། གཞན་དུ་མདོར་བསྡུས་ནས་གསུངས་པ་ཡིན་ནོ།། འཇིས་སྐྱེས་བུ་དམ་པ་དེ་ནི་སྒོ་མཐའ་ཡས་པས་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་ཞིང
331a7 བཞིན་གཤེགས་པ་ཐམས་ལ་ལྷག་པར་དམིགས་པའི་རྣམ་པར་ཐར་པའི་སྒོ་ལ་སོགས་པ་རྣམ་པར་ཐར་པའི་སྒོ་སྣ་ཚོགས་པའི་རྗེས་སུ་ཞུགས་པ། སེམས་ཅན་འདུལ་བའི་སྦྱོར་བ་རྣམ་པ་སྣ
iiif viewer powered by OpenSeadragon
330b - 331b