| | e-texts navigator
|
286a1 སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བ་དེ་དག་བདག་གི་མཐུས་བདག་གི་མིང་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས
286a2 པར་སངས་རྒྱས་ཀྱི་བར་དུ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིག། ཉེ་བའི་ཉོན་མོངས་པ་རྣམས་དང་བྲལ་བར་གྱུར་ཅིག། ཚུལ་ཁྲིམས་ཡང་དག་པར་འཛིན་ཅིང་ལུས
286a3 དང་ངག་དང་། ཡིད་སྡོམ་པ་ལ་གནས་པར་གྱུར་ཅིག། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག་ཅེས་བཏབ་བོ།། འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན
286a4 ག་ཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྨོན་ལམ་ཆེན་པོ
286a5 བཞི་པོ་དེ་དག་བཏབ་བོ། ། འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས
286a6 གྲུབ་པ་དེའི་སངས་རྒྱས་ཀྱི་ཞིང་དེ་ནི་ས་གཞི་ལ་རིན་པོ་ཆེའི་སྤོས་སྣ་ཚོགས་གནས་པ་ཙན་དན་སྦྲུལ་གྱི་སྙིང་པོའི་དྲི་དང་ལྡན་པ། མཉམ་པ། ཡངས་པ། ཐག་གྲུ་ཆེ་བ། ཙན
286a7 ངན་སྦྲུལ་གྱི་སྙིང་པོའི་དྲིའི་ཤིང་ལྗོན་པས་མཛེས་པར་བྱས་ནས། ལྷའི་ནོར་བུ་དང་། མུ་ཏིག་གི་རྒྱན་འཕྲེང་དང་། རིན་པོ་ཆེ་དཔྱངས་པ། ལྷའི་ནོར་བུ་རིན་པོ་ཆེའི་རྫིང་སྤོས
iiif viewer powered by OpenSeadragon
285b - 286b