| | e-texts navigator
|
284b1 པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་སེམས་པར་འགྱུར་རོ།། སྡིག་པ་ཐམས་ཅད་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་ཡོངས་སུ་བྱང་བར་འགྱུར་རོ།།
284b2 བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་འགྱུར་རོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བསྲབས་པར་འགྱུར་རོ།། ཡུན་རིང་དུ་འཚོ་ཞིང་ནད་མེད་པར་འགྱུར
284b3 རོ། ། གང་བསམས་པའི་བསམས་པ་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ།། འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར
284b4 རོ། ། འདི་ནས་ཤི་འཕོས་ནས་སྡིག་པ་ཐམས་ཅད་ཟད་པར་འགྱུར་ཏེ། སངས་རྒྱས་ཀྱི་ཞིང་དེར་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་བར་འགྱུར་རོ།། སྐྱེས་མ་ཐག་ཏུ་ཏིང་ངེ་འཛིན་དང
284b5 གཟུངས་ཀྱི་སྒོ་རྣམས་མངོན་དུ་འགྱུར་རོ། ། འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེའི་མཚན་འཛིན་པ་འདི་ནི་དེ་ལྟར་ཡོན་ཏན་མང་པོ་དང་ལྡན་པ་ཡིན་ནོ།། འཇམ་དཔལ་ཤར
284b6 ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་ལྔའི་བྱེ་མ་སྐྱེད་འདས་པ་ན། འཇིག་རྟེན་གྱི་ཁམས་སྤོས་ཀྱིས་ཡོངས་སུ་གང་བ་རིན་ཆེན་བརྩེགས་པ་ན་དེ་བཞི
284b7 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ཞེས་བྱ་བ་བཞུགས་ཏེ་འཚེ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཅིང་། །
iiif viewer powered by OpenSeadragon
284a - 285a