e-texts navigator
Collection
Volume
Page
Wylie

283b1 སྐྱེ་བར་གྱུར་ཅིག་ཅེས་བཏབ་སྟེ། འཇམ་དཔལ་བཅོམ་ལྡན་འདས་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྨོན་ལམ་ཆེན་པོ་བརྒྱད་པོ་དག་བཏབ་བོ།། འཇམ་དཔལ་དེ
283b2 བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་། ཟླ་བ་དང་། པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དེའི་སངས
283b3 རྒྱས་ཀྱི་ཞིང་དེ་ནི་མཉམ་པ། ཐག་གྲུ་ཆེ་བ། ཡངས་པ། ལག་མཐིལ་ལྟར་མཉམ་པར་གྱུར་པ། ལྷའི་སྤོས་ཀྱི་ཤིང་ལྗོན་པ་རྣམས་ཀྱིས་རབ་ཏུ་བརྒྱན་པ། སྤོས་གཙང
283b4 ཞིང་སྐྱོན་མེད་པ། ལྷའི་སྤོས་དང་མེ་ཏོག་གིས་རབ་ཏུ་བརྒྱན་པ། ལྷའི་རོལ་མོའི་སྒྲ་སྐད་དང་གླུའི་ང་རོ་འབྱུང་བ། ལྷའི་རིན་པོ་ཆེའི་དྲིལ་བུ་གཡར་ཀའི་དྲ་བས་ལེགས་པར་བརྒྱན
283b5 པལྷའི་རིན་པོ་ཆེའི་སང་གེའི་ཁྲིས་མཛེས་པར་བྱས་པ། ལྷའི་རིན་པོ་ཆེའི་རྫིང་གིས་རབ་ཏུ་བརྒྱན་པ། ས་གཞི་འཇམ་ཞིང་སྙིབ། རི་དང་། རྡོ་དང་། གསེག་མ་དང
283b6 ཚེར་མ་མེད་པ། བུད་མེད་ཀྱི་དངོས་པོ་མེད་པ། ཉེ་བའི་ཉོན་མོངས་པ་མེད་པ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་སར་གྱུར་པའོ།། བྱང་ཆུབ་སེམས་དཔའ་དེ་དག
283b7 ཐམས་ཅད་ཀྱང་པདྨའི་སྙིང་པོའི་སེང་གེའི་ཁྲི་ལས་རྫུས་ཏེ་བྱུང་བ། ལྷའི་རིན་པོ་ཆེའི་རྒྱན་དང་གོས་ཀྱིས་ལུས་ལེགས་པར་བརྒྱན་པ་ཤ་སྟག་གོ།། སངས་རྒྱས་ཀྱི་ཞིང་དེ་ན་བསམས




iiif viewer powered by OpenSeadragon

283a - 284a

Texts on this page

S463 - 'phags pa de bzhin gshegs pa bdun gyi sngon gyi smon lam gyi khyad par rgyas pa zhes bya ba theg pa chen po'i mdo