| | e-texts navigator
|
283a1 དག་པར་རྫོགས་པའི་བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་པ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད
283a2 པས། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར
283a3 གྱུར་ཅིག། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་ཅིག། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག་ཅེས་བཏབ་བོ།། དེའི་སྨོན
283a4 ལམ་ཆེན་པོ་བརྒྱད་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་བསྐལ
283a5 པ་ཆེན་པོ་ཟད་པའི་ཚེ་འཛམ་བུའི་གླིང་ཀུན་ཏུ་འབར་ཤིང་རབ་ཏུ་འབར་བར་འཁྲུག་པར་གྱུར་ཏེ། ངུ་ཞིང་མྱ་ངན་བྱེད་ལ་སྔོན་གྱི་མི་དགེ་བའི་ལས་ཀྱི་རྒྱུས་སྡུག་བསྔལ་མྱོང་ཞིང
283a6 སྐྱབས་མེད་པ་མགོན་མེད་པའི་སེམས་ཅན་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པས། དེ་དག་སྡུག་བསྔལ་དང་མྱ་ངན
283a7 ཐམས་ཅད་དང་ཐལ་བར་གྱུར་ཅིག། བསིལ་བའི་དངོས་པོ་ཐོབ་པར་གྱུར་ཅིག། དེ་ནས་ཤི་འཕོས་ནས་བདག་གི་སངས་རྒྱས་ཀྱི་རིང་དུ་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་རྫུས་ཏེ
iiif viewer powered by OpenSeadragon
282b - 283b