e-texts navigator
Collection
Volume
Page
Wylie

280b1 འཇམ་དཔལ་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་བདུན་གྱི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ན་དེ་བཞིན
280b2 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་། ཟླ་བ་དང་། པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ཞེས་བྱ་བ
280b3 བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཅིང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཐེག་པ་ཆེན་པོའི་གཏམ་འབའ་ཞིག་སྟོན་པ་ཡོད་དོ།། འཇམ་དཔལ་དེ་བཞིན
280b4 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྨོན་ལམ་ཆེན་པོ་བརྒྱད་བཏབ་བོ། ། བརྒྱད་གང་ཞེ་ན།
280b5 དེའི་སྨོན་ལམ་ཆེན་པོ་དང་པོ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག
280b6 ཞིང་ལས་ཀྱི་མཐའ་དང་ཚོང་ལ་དགའ་སྟེ། གཡེངས་པ་སྣ་ཚོགས་མང་བས་དགེ་བའི་ཆོས་རྣམས་ལས་ཡོངས་སུ་ཉམས་པ་དང་། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཡོངས
280b7 སུ་ཉམས་ཏེ། དེ་དག་འཁོར་བའི་སྡུག་བསྔལ་རྣམས་ལས་ཡོངས་སུ་ཐར་པར་མ་གྱུར་ཅིང་། སོ་སོར་འཁོར་བའི་སྡུག་བསྔལ་རྣམས་མྱོང་བ་དང་། རྒ་བ་དང་། ན་བ་དང་།




iiif viewer powered by OpenSeadragon

280a - 281a

Texts on this page

S463 - 'phags pa de bzhin gshegs pa bdun gyi sngon gyi smon lam gyi khyad par rgyas pa zhes bya ba theg pa chen po'i mdo