e-texts navigator
Collection
Volume
Page
Wylie

278b1 དང་ངན་འགྲོར་འགྲོ་བར་མ་གྱུར་ཅིག། ལྷ་ཡུལ་བའི་ལྷའི་བདེ་བ་དང་མིའི་བདེ་བ་ཉམས་སུ་མྱོང་བར་གྱུར་ཅིག་ཅེས་བཏབ་བོ།། དེའི་སྨོན་ལམ་ཆེན་པོ་བཞི་པ་ནི་གང་གི་ཚེ་བདག་མ་འོངས
278b2 པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་སུ་དག་དབུལ་པོར་གྱུར་ཏེ་ཟས་དང་། སྐོམ་དང་། གོས་དང་།
278b3 ནོར་དང་། འབྲུ་དང་། མལ་ཆ་དང་། སྤོས་དང་། འཕྲེང་བ་དང་། རྒྱན་དང་། ཡོ་བྱད་མི་བདོག་པ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང
278b4 བདག་གི་མིང་ཡིད་ཀྱིས་བརྗོད་པས། དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གིས་བར་དུ་དབྱིག་དང་། གོས་དང་། ནོར་དང་། འབྲུ་དང་། མལ་ཆ་དང་། སྤོས་དང་། འཕྲེང
278b5 བ་དང་། རྒྱན་དང་། ཡོ་བྱད་འཕེལ་བར་གྱུར་ཅིག་ཅེས་བཏབ་བོ།། དེའི་སྨོན་ལམ་ཆེན་པོ་ལྔ་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི
278b6 བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན་སེམས་ཅན་གང་དག་བཅིང་བ་དང་། བརྡེག་པ་དང་། གོ་རར་གཞུག་པ་དང་། མཚོན་ཆའི་ཚོགས་རྣམ་པ་སྣ་ཚོགས་ཀྱིས
278b7 ལུས་ཡོངས་སུ་གཟིར་བ་དེ་དག་བདག་གི་མཐུས་བདག་གི་མིང་ཡིད་ལ་གནས་ཤིང་བདག་གི་མིང་ཡིད་ཀྱིས་བརྗོད་པས། དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བཅིང་བ་དང




iiif viewer powered by OpenSeadragon

278a - 279a

Texts on this page

S463 - 'phags pa de bzhin gshegs pa bdun gyi sngon gyi smon lam gyi khyad par rgyas pa zhes bya ba theg pa chen po'i mdo