e-texts navigator
Collection
Volume
Page
Wylie

278a1 ཅན་གང་དག་ལོང་བ་དང་། འོན་པ་དང་། སྨྱོས་པ་དང་། ཤ་བས་ཅན་དང་། ནད་ཚབས་ཆེན་པོས་བཏབ་པར་གྱུར་པ་དེ་དག་གི་མཐུས། བདག་གི་མིང
278a2 མིང་ལ་གནས་ཤིང་། བདག་གི་མིང་ལན་བདུན་བརྗོད་པས། དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབང་པོ་ཐམས་ཅད་ཡོངས་སུ་ཚང་བར་གྱུར་ཅིག། སྡུག་བསྔལ་དང་ནང
278a3 ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག་ཅེས་བཏབ་བོ། ། དེའི་སྨོན་ལམ་ཆེན་པོ་གསུམ་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས
278a4 པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་བསྒྲིབས་པ། མཚམས་མེད་པ་ལྔ་བྱེད་པ། བྱ་བ་མ་ཡིན་པ་སྤྱོད་པ་མང་བ།
278a5 དམ་པའི་ཆོས་སྤོང་བ། སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱེད་པ། ངན་སོང་གསུམ་དང་སེམས་ཅན་དམྱལ་བར་འགྲོ་བ་དེ་དག་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ནས་སྡུག་བསྔལ
278a6 གྱི་ཚོར་བ་མྱོང་བ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པས། དེ་དག་གི་མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ
278a7 ཐམས་ཅད་ཡོངས་སུ་བྱང་ཞིང་ཡོངས་སུ་ཟད་པར་གྱུར་ཅིག། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སུའང་སེམས་ཅན་དམྱལ་བ




iiif viewer powered by OpenSeadragon

277b - 278b

Texts on this page

S463 - 'phags pa de bzhin gshegs pa bdun gyi sngon gyi smon lam gyi khyad par rgyas pa zhes bya ba theg pa chen po'i mdo