| | e-texts navigator
|
276b1 གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསེལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཀ་ལ་བིང་ཀའི་སྒྲ་སྐད་དང་དབྱངས་ཀྱིས། འཇམ་དཔལ
276b2 གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ།། འཇམ་དཔལ་ཁྱོད་སྙིང་རྗེ་དང་ལྡན་པ་སྟེ། འཇམ་དཔལ་ཁྱོད་ཀྱིས་སྙིང་རྗེ་དཔག་ཏུ་མེད་པ
276b3 བསྐྱེད་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དང་། སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་བ། མྱ་ངན་དང་སྡུག་བསྔལ
276b4 སྣ་ཚོགས་ཀྱིས་གཙེས་པའི་ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་གསོལ་པ་འདེབས་པ་ནི་ཡང་ལེགས་སོ།། འཇམ་དཔལ་དེ་བཞིན་གཤེགས་པའི་བྱིན་གྱི
276b5 རླབས་ཀྱིས་ཁྱོད་ཀྱི་སྤོབས་པ་འདི་སྐྱེས་སོ། ། འཇམ་དཔལ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་ངས་བཤད་དོ།། འཇམ་དཔལ་གཞོན་ནུར་གྱུར་པས། བཅོམ་ལྡན་འདས
276b6 ལ་དེ་བཞིན་ནོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཇམ་དཔལ་ཤར་ཕྱོགས་ལོགས་སུ
276b7 སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་གཞན་གྱིས་མི་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར
iiif viewer powered by OpenSeadragon
276a - 277a