| | e-texts navigator
|
259a1 བསྐོར་བ་བྲི། ། དེ་ལ་སོགས་པ་བཤད་ཟིན་ཏོ།། དཀྱིལ་འཁོར་གྱི་ནི་ནུབ་ཕྱོགས་སུ།། ཀླུ་ཡི་གཟུགས་གཅིག་བརྩམ་བྱ་སྟེ།། རིན་ཆེན་ལྔ་འམ་གླ་རྩིའམ།། མཆོད།
259a2 བའི་རྫས་ནི་འོ་མ་སོགས།། དང་པོ་འདས་པའི་མཆོད་པ་བྱ།། སྤྱན་དྲང་མཆོད་དང་བསྟོད་པ་ནི།། ཆོ་ག་བཞིན་དུ་བྱ་བའོ།། ཀླུ་ཡི་སྙིང་ཁར་ཧཱུཾ་བསྒོམས་ལ།། འོད་ཟེར་རྣམ་པ་གསུམ
259a3 དག་གིས། ། ཀླུ་ཆེན་གནས་ནས་དགུག་པར་བྱ།། གཟུགས་བརྙན་དེ་ལ་བསྟིམ་བྱས་ལ།། མཆོད་པ་དག་གིས་མཆོད་པར་བྱ།། གཟུགས་བརྙན་གཡོ་བ་འབྱུང་བ་ན།། སྡང་བའི་ལུས
259a4 ལ་གཞུག་བྱ་སྟེ། ། དབང་པོ་བརྒྱད་ནས་གཞུག་བྱ་སྟེ།། བརྒྱད་ཆ་ཐ་མའི་དུས་དག་ཏུ།། འོ་མ་གླ་རྩི་ཁ་ར་ཡིས།། ལམ་ནི་དྲང་པོར་དྲང་བྱས་ལ།། གོང་བུ་དགུག་པའི་སྦྱོར་བ་ཡིས།།
259a5 དེ་ལ་ཀླུ་ཆེན་གཞུག་པར་བྱ།། སྒྲུབ་པ་པོ་ཡིས་གུ་གུལ་བསྟེན།། གཟུགས་ལ་ཕུར་བུས་གདབ་པར་བྱ།། དེས་ཀྱང་གྲུབ་པར་མ་གྱུར་ན།། ལྷ་ཡི་རྣམ་པ་ཉིད་དག་ལ།། སྤོགས་པ་དག
259a6 གི་ཆོ་ག་བཞིན། ། ཏདྱ་ཐཱ། ཧཱུཾ་ཕཊ། ནཱ་ག་བི་དཱ་ར་ཎཱ་ཡ་ཧཱུཾ། ནཱ་ག་བི་དཱ་ར་ཎཱ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། སརྦ་ཤ་ཧཱུཾ་སཾ་གྷ་བི་ནཱ་ཤ་ཀ་རཱ་ཡ་པཊ། ནཱི་ལཱཾ།
259a7 བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་ཤ་ཏྲྀ་ཙི་མཱ་ར་ཡ་ཕཊ། ཨོཾ་ནཱ་ག་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱ་ན་ཕཊ། ཀཱི་ལཱ་ཡ་ཀཱི་ལཱ་ཡ། ཧཱུ་ཧཱུ་ཧཱུཾ་བཛྲ་ཀཱི་ལཱ་ཡ། བཛྲ་དཾཥྚོ་ཨཱ་ཛྙཱ་པ་ཡཀྵ
iiif viewer powered by OpenSeadragon
258b - 259b