| | e-texts navigator
|
258b1 ཨོཾ་ཡཀྵ་མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། ཙིཏྟ་ལ་རྦང་རྦད། ཕྱག་ན་རྡོ་རྗེས་བསྣུན་པར་བྱ།། དེས་ཀྱང་གྲུབ་པར་མ་གྱུར་ན།། ནཱི་ལཱཾ་པ་ས་ནཱ་ཡ་ཕཊ། སྟོང་པ་ཉིད་དུ་བསྒོམ་པར
258b2 བྱ། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་ངོ་མཚར་ནས་ཆེད་དུ་བརྗོད་པ། ཟུང་དུ་འབྲེལ་བར་གནས་གྱུར་པ།། ཡཾ་ལས་རླུང་སྟེ་པཾ་ལས་པད།། འཆི་བ་ཞེས་བྱའི་རྣམ་རྟོག
258b3 འདིས། ། བདེ་བ་ཅན་དུ་འགྲོ་བར་འགྱུར།། རྡོ་རྗེ་ས་འོག་གི་རྒྱུད་ལས། གནོད་སྦྱིན་སྒྲུབ་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས
258b4 རྡོ་རྗེ་འཆང་ལ་གསོལ་བ་བཏབ་པ། སྙིང་ནས་སློབ་དཔོན་སྨོད་པ་ལ།། ཀླུ་གཞུག་པ་ནི་ཇི་ལྟར་ལགས།། རྡོ་རྗེ་ཅན་གྱིས་བཤད་དུ་གསོལ།། ཀླུའི་ལག་ན་ནང་བཅུ་གཅིག་ཡོད་དེ།
258b5 མཛེ་དང་། མཛའ་ཏོ་དང་། ཀ་ཏ་མ་དང་། ཀ་ཤེ་དང་། འབྲས་དང་། ཕོལ་དང་། ཤུ་བ་དང་། སྐེམ་པ་དང་། གཡན་པ་དང་། དམུ་ཆུ་དང་། གག་པའོ།། ཀླུའི
258b6 གནས་ནི་ས་འོག་གི་རིམ་པ་བདུན་ནོ། ། ཀླུ་བྲན་ནི་འཛམ་བུའི་གླིང་ནའང་ཡོད་དོ།། འཁོར་ནི་རྣམ་པ་བཞི་དག་གིས།། གཙང་མའི་གོས་དག་གྱོན་ནས་ནི།། དཀར་གསུམ་དག་ཀྱང་བཟའ
258b7 བར་བྱ། ། སྔགས་རྒྱལ་ཉིས་འབུམ་བཟླས་བྱས་ལ།། དཀྱིལ་འཁོར་ཙན་དན་གུར་ཀུམ་བྱུགས།། པདྨ་འདབ་བརྒྱད་བྲི་བྱ་སྟེ།། བདག་ཉིད་ལག་ན་རྡོ་རྗེ་ལ།། ཀླུ་ཆེན་བརྒྱད་ཀྱིས
iiif viewer powered by OpenSeadragon
258a - 259a