| | e-texts navigator
|
256b1 བཊ། སརྦ་ཤ་ཏྲཱུཾ་སཾ་བརྟ་བི་ནཱ་ཤ་ཀཱ་རཱ་ཡ་ཕཊ། ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་ར་ཛྙཱ་པ་ཡ་ཏི་སཱཧཱ། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭཱ་ལ་བྷསྨིཾ་ཀུ་རུ་སྭཱ་ཧཱ། མཱ་ར་ཡ་ཧཱུཾ་ཕཊ། པུཥྚིཾ་ཀུ་རུ་ཨ~ཾ
256b2 སྔགས་འདི་གསུངས་པ་ཙམ་གྱིས་ནི། ། ལྷ་སྲིན་ཐམས་ཅད་བརྒྱལ་བར་གྱུར།། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་ཆེད་དུ་བརྗོད་པ། ཨེ་མ་དུས་གསུམ་སངས་རྒྱས་ཀྱིས།།
256b3 དྲག་པོ་འདུལ་བར་དབང་བསྐུར་ནས།། སྔགས་རྒྱལ་གསུངས་པས་སྐྲག་འགྱུར་པ།། ངོ་མཚར་འདི་ནི་ཤིན་ཏུ་ལྷ།། ཞེས་པའོ།། དེ་ནས་རང་རང་གི་སྲོག་སྙིང་སྟོན་པ་ལ་ཕུལ་ནས
256b4 བྲན་གྱི་ཚུལ་དུ་གནས་སོ། ། རྡོ་རྗེས་འོག་གི་རྒྱུད་ལས། བཅོས་དཀའ་བའི་ནད་བཟློག་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྗེ
256b5 རྗེས། རྡོ་རྗེ་འཛིན་པ་ལ་མཆོད་པ་དང་ཕྱག་བྱས་ནས་གསོལ་བ་བཏབ་པ། སྐུ་དང་གསུང་དང་ཐུགས་ཀྱི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། དེ་ནས་རྡོ་རྗེ་འཆང་རྒྱལ
256b6 པོས། ། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། དཀྱིལ་འཁོར་དག་ཏུ་མ་ཞུགས་ཤིང་།། དབང་བསྐུར་བ་ཡང་མ་ཐོབ་ན།། བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་བོ།། དེ་བས་ད་ནི་བཤར་བྱ
256b7 བ། ། གྲུ་བཞིར་བགྱི་ཞིང་སྒོ་བཞིར་བགྱི།། ཐིག་བཞི་དག་དང་ལྡན་གྱུར་པས།། ཆ་ཆེན་བཞི་རུ་བཏབ་བྱས་ན།། ཤར་གྱི་ཆ་ཆེན་དང་པོར་ནི།། བཞིར་བགོས་དང་པོ་ལྟེ་བ་དང་།།
iiif viewer powered by OpenSeadragon
256a - 257a