| | e-texts navigator
|
250b1 སྦྱར་ཏེ་གཞག། བདུན་པ་ཡི་ནི་བཞི་པ་ལ།། ཡི་གེ་ཨཱུ་ནི་རབ་ཏུ་སྦྱར།། སྟོང་པས་མནན་པས་ཉིས་འགྱུར་དང་།། ལྔ་པ་ཡི་ནི་གཉིས་པ་ལ།། གསུམ་པ་ཡ་ནི་དང་པོར་སྦྱར།།
250b2 ཡི་གེ་བཅུ་གསུམ་རིག་པའི་སྔགས།། བརྩེ་བས་བརྩོན་པར་རབ་བཟླས་ན།། གང་འདོད་དངོས་གྲུབ་ངེས་པར་འགྱུར།། ཀྱེ་མཧོ་རྡོ་རྗེ་ཅན་གྱིས་གསུངས།། སྔགས་ཀྱི་རྒྱལ་པོ་བླ
250b3 མེད་ལམ། ། ཕྱག་ན་རྡོ་རྗེའི་དངོས་གྲུབ་ཐོབ།། དཔལ་རྡོ་རྗེས་འོག་གི་རྒྱུད་ལས། སྔགས་བཏུ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་སྟོན་པ་རྡོ་རྗེ་འཆང་།།
250b4 སྤྱན་མིག་འོད་ཟེར་སྤྲུལ་མཛད་ནས།། སློབ་མ་རབ་ཏུ་སྨིན་བྱའི་ཕྱིར།། དབང་བསྐུར་ཆོ་ག་རབ་ཏུ་བཤད།། རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ།། གསང་དང་ལྡན་པ་དབང་ཐོབ་ཅིང་།
250b5 དུལ་དང་དྲང་དང་བཤེས་གཉེན་ཆེ།། གཡོ་ཆུང་དང་བཟང་བྱང་སེམས་ཐོབ།། དཀྱིལ་འཁོར་ཆོ་ག་རབ་མཁས་པ།། སློབ་མ་དམ་པ་དབང་བསྐུར་ཕྱིར།། ཡིད་འོང་གཙུག་ལག
250b6 ཁང་སོགས་སུ། ། བརྟུལ་ཞུགས་སྔོན་དུ་ལེགས་སྤྱད་ནས།། དེ་ནས་ས་ཡི་ཆོ་ག་བྱ།། བརྟག་དང་སྦྱར་ཞིང་བསྲུང་བ་དང་།། མཆོད་དང་གསོལ་བ་གདབ་པ་དང་།། རྨི་ལམ་མཚན་མའི
250b7 ཐོས་བརྟག། ཞི་བའི་ཚོགས་སྦྱིན་སྲེག་ནི།། བརྒྱ་རྩ་བརྒྱད་ཀྱི་ཆོ་ག་བྱ།། འབྱུང་པོ་རྣམས་ལ་མཆོད་ཅིང་བརྐོ།། དཀྱིལ་འཁོར་དབུས་སུ་རབ་གནས་ཏེ།། སྐུ་ལས་རྡོ་རྗེ་ཆེན་པོ་བསྒོམ།
iiif viewer powered by OpenSeadragon
250a - 251a