| | e-texts navigator
|
239b1 གདུག་པ་ཀུན་འདུལ་བར་བྱེད་པ་བཤད་དུ་གསོལ། མུན་པ་ཀུན་འཇོམས་པ་ཆེན་པོ་བཤད་དུ་གསོལ་ཞེས་ཕྱག་ན་རྡོ་རྗེས་གསོལ་བ་བཏབ་བོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས
239b2 ཀྱིས། ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། རྡོ་རྗེ་འཆང་བ་ཆེན་པོ་གསང་བ་པ་ཁྱོད་སེམས་ཅན་རྣམས་ཀྱི་དོན་དུ་རྡོ་རྗེ་ཀུན་འདུལ་ཞེས་བྱ་བའི་རྒྱུད་ང་ལ་ཞུ་བ་ལེགས་སོ།། གསང་བའི་བདག་པོ་ལེགས་སོ།། བྱང
239b3 ཆུབ་སེམས་དཔའ་ཆེན་པོ་ལེགས་སོ། ། དེའི་ཕྱིར་ལག་ན་རྡོ་རྗེའི་རིགས་རྣམ་ཁྱེད་རྗེས་སུ་ཉོན་ལ་ཡིད་ལ་ཟུང་ཞིག། ངས་རྣམ་པར་ཕྱེ་སྟེ་རྡོ་རྗེ་ས་འོག་འབྱུང་པོ་འདུལ་བ་ཞེས་བྱ་བའི་རྒྱུད་བཤད་ཀྱིས་རྗེས་སུ་ཟུང་ཞིག། དེ་སྐད
239b4 ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཀུན་གྱི་ཏིང་ངེ་འཛིན་གྱིས་ས་འོག་གི་གདོན་དང་འབྱུང་པོ་ཀུན་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། བཅོམ
239b5 ལྡན་འདས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ། བཅོམ་ལྡན་འདས་ཀྱི་སྐུའི་བུ་ག་ཐམས་ཅད་ནས་ཁྲོ་བོ་གདུག་པ་ཀུན་འདུལ་བར་བྱེད་པ་དུ་མ་སྤྲོས་ཏེ། ས་འོག་ས་སྟེངས་ས་བླ
239b6 གང་བར་མཛད་དེ། ས་འོག་གི་ཀླུ་རྣམས་ཀྱི་གནས་རྣམས་གདུག་པའི་ཧཱུཾ་སྒྲས་ཀུན་ཏུ་གང་བར་བྱས་ནས་ཀླུའི་རྒྱལ་པོ་བརྒྱད་འཁོར་དང་བཅས་པ་བཏུལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཀུག
239b7 དེ་ནས་ཀླུའི་རྒྱལ་པོ་མཐའ་ཡས་གདུག་པའི་སེམས་ལངས་ཏེ། དབུགས་ཤིན་ཏུ་ཚ་བར་གཏོང་བར་སེམས་པ་དེ་བཅོམ་ལྡན་འདས་ཀྱིས་མཁྱེན་ཏེ། གསང་བའི་བདག་པོ་ལག་ན་རྡོ་རྗེ
iiif viewer powered by OpenSeadragon
239a - 240a