e-texts navigator
Collection
Volume
Page
Wylie

97a1 རྡོ་རྗེ་ཧཱུཾ་མཛད་ཀྱིས། ། ཕྱག་རྒྱས་སློབ་མ་གཞུག་པར་བྱ།། བཅུག་ནས་དང་པོའི་སེམས་དཔའ་ཡི།། རང་གི་སྙིང་པོ་བརྗོད་པར་བྱ།། ཧཱུཾ་ཧཱུཾ་བཛྲ་པྲ་ཧ་ར་ཎི་ཕཊ། ཧཱུཾ་བཛྲ
97a2 ཤཱུ་ལ་ཡཱ་གྲྀ་ནི་ཏྲི་ཏ། མ་ཏ། ས་ཧཱུཾ་བཛྲ་ཀོ་ཥཙྪེནྡྲ་ཧཾ། ཨོཾ་བཛྲ་ཨ་མ་ལ་པཱ་ཤེ་མ་ཊ། རྡོ་རྗེ་འགུགས་པ་དང་། རྡོ་རྗེ་མདུང་དང་། རྡོ་རྗེ་རལ་གྲི་དང་། རྡོ་རྗེ་ཞགས་པ་སྟེ། རྡོ་རྗེ་ཁྲོ་བོའི་སྲང
97a3 བའོ། ། དེ་ནས་འདི་རྣམས་ཀྱི་ཕྱག་རྒྱ་རྡོ་རྗེ་དོན་ཡིད་ཐོགས་པ་མེད་པ་ཤིན་ཏུ་གྲུབ་པ། སྟོབས་དང་ཕ་རོལ་གནོན་པ་རྣམས་སེམས་ཅན་མངོན་པར་རྒྱས་གདབ་པ་ནུས་པ་རྣམས་བསྐུལ་བར
97a4 ། བྱའོ།། ཨོཾ་བཛྲ་གུ་ཧྱེ་སིངྒ་པ་ར་མི་ཡོ་གེ་ཤྭ་རི་ཧཾ། ཧཱུཾ་བཛྲ་ཙཎྜ་ཧོ་ཁ་ནྟ་ག་མ་ཧཱ་བཛྲ་ཀ་པཱ་ལ་ཡ་མ་ཀུ་སྟེ། རུ་ལུ་རུ་ལུཎྜི་ཧཱུཾ་བཛྲ་ནཱ་རཱ་ཡ་ནི་ཛ~ཾ། ཧཱུཾ་བཛྲ་ཕཊ་ཀེ་ཛ~ཾ། རྡོ་རྗེ་ཁྲོ་བོའི་མཁའ་འགྲོ།
97a5 མ་ལན་ཅིག་བཟླས་ཏེ་དགོད་པ་འམ་བྲི་བར་བྱའོ།། བཅོམ་ལྡན་འདས་དེ་ཁོ་ན་ཉིད་ཀྱི་སྙིང་པོས་བཞུགས་སུ་གསོལ་ན། དངོས་གྲུབ་ཐམས་ཅད་ལ་དོན་ཡོད་པའི་དངོས་གྲུབ་འགྲུབ
97a6 པར་འགྱུར་རོ། ། དེ་ནས་དམ་ཚིག་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་བདེ་ཕྱིར་དང་།། བསྟན་པ་ཐམས་ཅད་འགྲུབ་པའི་ཕྱིར།། གདུག་པ་འདུལ་བ་བསོད་ནམས་ནི།། འགྱུར
97a7 ཞེས་རྡོ་རྗེ་འཛིན་གྱིས་གསུངས། ། དེ་ནས་བཅོམ་ལྡན་འདས་ཧཱུཾ་མཛད་ཀྱིས་ཕྱག་རྒྱ་དང་བཅས་པའི་མཛུབ་མོ་སྦྱར་བར་བྱའོ།། དེ་ནས་བཅོམ་ལྡན་འདས་གདུག་པ་ཐམས་ཅད་དང་། བདུད




iiif viewer powered by OpenSeadragon

96b - 97b

Texts on this page