e-texts navigator
Collection
Volume
Page
Wylie

96b1 ལྷ་ལ་སོགས་པའི་ཚོགས་ཐམས་ཅད།། ལེགས་པར་བྲིའམ་གཞག་པར་བྱ།། མཚམས་སུ་ལྷ་མོ་རབ་བཤད་པ།། དེ་རྣམས་ཀྱི་ནི་སྒོ་དབུས་སུའང་།། ལྕགས་ཀྱུ་ལ་སོགས་དེ་བཞིན་དུ།།
96b2 དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི།། གོ་རིམས་དག་ནི་ཇི་བཞིན་དུ།། ཆོ་ག་རྒྱས་པ་ཇི་བཞིན་བྱ།། ཁྲོས་པས་རྡོ་རྗེ་གསོར་བ་དང་།། ཁྲོ་གཉེར་འཛུམ་དང་བཅས་པས་འདུད།། དེ་ནས་ཁྲོ་ཞིང
96b3 སློབ་དཔོན་ཆེ། ། རྡོ་རྗེ་ཅན་མཆོག་རབ་ཞུགས་ལ།། རྡོ་རྗེ་ཧཱུཾ་མཛད་ཀྱིས་སྡིགས་མཛུབ།། ཧཱུཾ་མཛད་རབ་ཏུ་སྦྱར་བར་བྱ།། སྙེམས་དང་བཅས་པས་རྒྱས་བཏབ་ཉིད།། དེ་བཞིན་ཁྲོ་བས་གདུལ
96b4 བ་ལ། ། རྡོ་རྗེ་འཆང་ཆེན་རྒྱས་པ་ཡིས།། གདུག་པ་ཉིད་ལ་རབ་ཏུ་དགྱེས།། དེ་ནས་མེ་ཏོག་བླངས་ནས་ནི།། ཁྲོས་པས་བདག་པོ་ཆེ་ལ་གཏོར།། རྡོ་རྗེ་འབར་བའི་ལྕགས་ཀྱུ་ཆེས།། ཡང
96b5 ། དགྲ་པར་ཡང་དགུག་པར་བྱ།། ཨོཾ་མ་ཧཱ་བཛྲ་ཛྭ་ལ་ཡཱ་ན་ལཱརྐ་ཡ་ཧི་ཛཿསརྦ་བཛྲ་ཀུ་ལ་པྲ་བེ་ཤ་ཡ་ཧཱུཾ། སརྦ་མུ་དྲཾ་གཱ་ནཱ་ན་བན་དྷ་ན་ཏྲ་ཊ། སརྦ་ས་མ་ཡཾ་སཱ་དྷ་ཡ་ཕཊ། སརྦ་དུཥྚ་ན་ད་ཧ་པ་ཙ
96b6 བྷསྨི་ཀུ་རུ་མ་ཧཱ་ཀྲོ་དྷ་ཨགྣི་བཛྲེཿཧཱུཾ་ཕཊ། ཨ་ཨ་ཨ་ཨ། དེ་ནས་བཅོམ་ལྡན་ཁྲོ་བོ་ཡིས།། རྒྱལ་པོ་བསྟན་པ་ཆེ་བྱོན་འགྱུར།། རྡོ་རྗེ་རིགས་ལ་སོགས་པ་ཀུན།། དངོས་གྲུབ་ཐམས
96b7 ཅད་གསོལ་བར་མཛད། ། དེ་ནས་ཧཱུཾ་མཛད་ལ་སོགས་སྨྲས།། མཚན་མ་རྣམས་ཀྱང་འབྱུང་བར་འགྱུར།། གལ་ཏེ་སློབ་མ་ལ་སོགས་ལ།། སྙིང་ཁར་དབབ་པ་ཕྲ་བ་སྐྱེད།། དེ་ནས




iiif viewer powered by OpenSeadragon

96a - 97a

Texts on this page